འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་16ཉིན།

༄༅།།མཚོ་བོད་མཐོ་སྒང་དུ་གངས་འབབ་རྒྱུ་དང་། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་ས་ཁུལ་དུ་ཆར་པ་འབབ་པའི་
གནམ་གཤིས་སྟེན་རྒྱུ་རེད་འདུག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་15ཉིན་གྱི་དགོང་མོ་ནས་ཚེས་16ཉིན་བར། མཚོ་བོད་མཐོ་སྒང་གི་ས་ཆ་མང་ཆེ་བ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་ཀྱི་ནུབ་ནས་ཤར་བར་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ཁྲོད། མཚོ་སྔོན་གྱི་དབུས་ཤར་རྒྱུད་དང་། ཀན་སུའུ་ཡི་ལྷོ་རྒྱུད་སོགས་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ་རེད་འདུག སྔོན་བརྩིས་བྱས་ན། ཟླ་3ཚེས་16ཉིན་གྱི་དགོང་མོ་ནས་ཚེས་19ཉིན་བར། ཡུན་ཀེའུ་མཐོ་སྒང་གི་ཤར་རྒྱུད་དང་། འབྲི་ཆུའི་དབུས་ལྷོ་རྒྱུད། ཧྭ་ནན་དབུས་བྱང་རྒྱུད་ཀྱི་ས་ཆར་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད་འདུག
    མ་འོངས་ཉིན་གསུམ་གྱི་ཞིབ་ཕྲའི་གནམ་གཤིས།
     ཟླ་3ཚེས་15ཉིན་གྱི་ཆུ་ཚོད་20ནས་ཚེས་16ཉིན་གྱི་ཆུ་ཚོད་20བར། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། ནང་སོག་གི་ཤར་རྒྱུད་སོགས་ས་ཆར་གངས་ཆུང་བ་ནས་གངས་མ་ཆར་འབབ་རྒྱུ་དང་། མཚོ་སྔོན་གྱི་ཤར་རྒྱུད་དང་ཀན་སུའུ་ཡི་ལྷོ་རྒྱུད་ས་ཆ་ཁག་གཅིག་ཏུ་གངས་ཆེ་བ་ནས་གངས་དྲག་པོ་(ཧའོ་སྨི་10ནས་12བར་)འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ནུབ་རྒྱུད། ཀོང་ཤིས་སོགས་ས་ཁུལ་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ནང་སོག་གི་ཤར་རྒྱུད་སོགས་ས་ཆར་རླུང་བུ་རིམ་པ་4ནས་6བར་ལྡང་རྒྱུ་རེད།
    ཟླ་3ཚེས་16ཉིན་གྱི་ཆུ་ཚོད་20ནས་ཚེས་17ཉིན་གྱི་ཆུ་ཚོད་20བར། ནང་སོག་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ལེའོ་ཉིང་གི་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་རྒྱུད་སོགས་ས་ཆ་ཁག་གཅིག་ཏུ་གངས་ཆུང་བ་ནས་འབྲིང་བའམ་གངས་མ་ཆར་འབབ་རྒྱུ། ཅི་ལིན་ཤར་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་གངས་ཆེན་བ་(ཧའོ་སྨི་5ནས་7)བར་འབབ་རྒྱུ་རེད་འདུག འབྲི་ཆུའི་ནུབ་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྭ་ནན་ནུབ་རྒྱུད་སོགས་ས་ཁུལ་གྱི་ས་ཆ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ། དེའི་ཁྲོད། ཀོང་ཤིས་བྱང་རྒྱུད་ཀྱི་ས་ཆ་ཁག་གཅིག་ཏུ་དྲག་ཆར་(ཧའོ་སྨི་50ནས་55)བར་འབབ་རྒྱུ་རེད་འདུག
    ཟླ་3ཚེས་17ཉིན་གྱི་ཆུ་ཚོད་20ནས་ཚེས་18ཉིན་གྱི་ཆུ་ཚོད་20བར། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུ་བཅས་ས་ཆར་གངས་ཆུང་བ་ནས་གངས་འབྲིང་བ་བར་འམ་གངས་མ་ཆར་འབབ་རྒྱུ་རེད་འདུག ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་འབྲི་ཆུའི་དབུས་ལྷོ་རྒྱུད། ཧྭ་ནན། ཐའེ་དབན་གླིང་ཕྲན་གྱི་དབུས་བྱང་རྒྱུད་ཀྱི་ས་ཆར་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ། དེའི་ཁྲོད། ཧུའུ་ནན་ལྷོ་རྒྱུད་དང་། ཀོང་ཤིས་ཤར་བྱང་རྒྱུད། ཀོང་ཏུང་བྱང་རྒྱུད་སོགས་ས་གནས་སུ་ཆར་པ་ཆེན་པོ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་དྲག་ཆར་(ཧའོ་སྨི་50ནས་55)བར་འབབ་རྒྱུ་རེད་འདུག ནང་སོག་དང་བྱང་ཤར་ས་ཁུལ་གྱི་དབུས་ལྷོའི་རྒྱུད་དང་། ཧྭ་བྱང་། ཧོང་ཧོའེ་ཤར་རྒྱུད་སོགས་ས་ཁུལ་གྱི་ས་ཆ་ཁག་གཅིག་ཏུ་རླུང་བུ་རིམ་པ་4ནས་6བར་ལྡང་རྒྱུ་རེད་འདུག
    1.ལྷོ་ཕྱོགས་ས་ཁུལ་དུ་ཆར་པ་འབབ་པའི་གནམ་གཤིས་སྟེན་རྒྱུ་ཡིན་པས་ས་ཆ་ཁག་གཅིག་ཏུ་དྲག་ཆར་དང་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པ་ཕོག་པར་དོ་སྣང་ཡོད་པ་ཞུ།
    2.མཚོ་བོད་མཐོ་སྒང་དུ་དུས་མཚམས་རང་བཞིན་གྱི་གངས་འབབ་པའི་གནམ་གཤིས་བསྟན་པས་ཞིང་འབྲོག་ལས་རིགས་དང་། འགྲིམ་འགྲུལ་སོགས་ཀྱི་ཤུགས་ཆེན་ངན་པར་དོ་སྣང་ཡོད་པ་ཞུ།