མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རིམས་ནད་སྔོན་འགོག་
ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་
ཆེན་པོ་མཁོ་འདོན་བྱེད་དགོས》ཞེས་པ་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་དཔེ་སྐྲུན་བྱས་པའི་དུས་ཐེངས་དྲུག་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
     གསུང་རྩོམ་ནང་། མིའི་རིགས་ཀྱིས་རིམས་ནད་དང་འགྲན་རྩོད་བྱེད་སྐབས་ནུས་པ་ཆེ་ཤོས་ཀྱི་མཚོན་ཆ་ནི་ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་ཀྱིས་གནོད་འཚེ་ཆེན་པོ་དང་རིམས་ནད་ཆེན་པོ་ལས་རྣམ་པར་རྒྱལ་བར་ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་དེ་ཚན་རྩལ་འཐབ་ཕྱོགས་ཀྱི་གལ་ཆེ་ལ་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ལ་བརྩིས་ནས་རིག་ཚན་མང་བའི་སྟོབས་ཤུགས་ཕྱོགས་བསྡུས་བྱེད་པ་དང་། གཅིག་གྱུར་འགོ་ཁྲིད་དང་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཚན་རིག་རང་བཞིན་མཐའ་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་གང་མགྱོགས་སེལ་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
     གསུང་རྩོམ་ནང་། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་དང་ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་གཏོང་དགོས། ནད་པ་སྔར་ལས་མང་བའི་ཚེ་སྲོག་སྐྱོབ་གང་ཐུབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་དང་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཚན་ཞིབ་འགག་སྒྲོལ་གྱིས་ནད་གཞི་ལྕི་པོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་ཚན་ཞིབ་འགག་སྒྲོལ་གྱིས་མདུན་ཕྱོགས་ཀྱི་འཐབ་ས་དང་པོར་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས་མཐུན་སྦྱོར་མཐའ་འཁྱོངས་བྱས་ཏེ་ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ཕྱོགས་ཐུབ་པ་བྱེད་དགོས། སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་དུ་སྤྱོད་རྒྱུ་མཐའ་འཁྱོངས། ཞིབ་འཇུག་གསར་སྤེལ་དང་གདམ་གསེས་བྱས་པའི་ཕན་ནུས་ལྡན་པའི་སྨན་རྫས་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་གཏོང་བ། དུས་མཚུངས་འཐབ་ཕྱོགས་དང་པོའི་སྨན་བཅོས་ཀྱི་དགོས་མཁོ་ལྟར་ཕན་ནུས་ལྡན་པའི་སྨན་བཅོས་སྨན་རྫས་ཁག་ཅིག་ཡང་བསྐྱར་གདམ་གསེས་བྱེད་པ་དང་། སྨན་བཅོས་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས། ནད་ཚབས་ཆུང་བའི་ནད་པ་ནད་ཚབས་ཆེ་བའི་ཕྱོགས་སུ་འགྱུར་རྒྱུ་བཀག་འགོག་གང་ཐུབ་བྱས་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། སླར་གསོའི་དུས་ཀྱི་ཁྲག་ཁུ་དང་། ཕྲ་ཕུང་གཙོ་བོ། ཁེ་ལུང་རྐྱང་པའི་འགོག་གཟུགས་སོགས་སྔོན་ཐོན་གྱི་སྨན་བཅོས་བྱེད་ཐབས་སྤྱད་དེ་ནད་གཞི་ལྕི་རིགས་དང་ནད་གཞི་ཚབས་ཆེ་རིགས་སྐྱོབ་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

  
style="display:none;"