འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་16ཉིན།

༄༅༎ཁྲེང་ཏུའུ་ཐན་ཧྥུའུ་གནམ་ཐང་ཚ་ཚ་འུར་འུར་ངང་ལས་འགོ་བསྐྱར་འཛུགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་ཨར་སྐྲུན་བྱ་ཡུལ་ཡིན་པ།
འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་ཨར་སྐྲུན་བྱ་ཡུལ་ཡིན་པ།
     ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་ལས་གྲྭ་ཁག་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱས་ཚུན་རིམས་འགོག་ནན་པོ་བྱེད་པའི་རྨང་གཞིའི་ཐོག་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ལས་ཡུན་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་གང་མགྱོགས་འཛུགས་སྐྲུན་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར་གནམ་ཐང་བབས་ཚུགས་T1དང་T2ཀྱི་ཨར་འདམ་ལྕགས་རྩིབས་དང་ངར་ལྕགས་གྲུབ་ཆའི་གྲུབ་ཆ་གཙོ་བོར་ཐོག་བཀབ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་གནམ་གྲུ་བརྗེ་བའི་ལྟེ་གནས་ཀྱི་གྲུབ་ཆ་གཙོ་བོ་ལས་མཇུག་འགྲིལ་ཏེ་འདི་ལོའི་ལོ་མཇུག་ཏུ་སྤྱིར་ན་བསྐྲུན་ཟིན་པ་བྱ་རྩིས་ཡོད་པ་རེད།
     ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ཟིན་རྗེས་ཁྲེང་ཏུའུ་རུ་གནམ་ཐང་གཉིས་ཡོད་པ་དང་། ཡོ་རོབ་དང་། དབུས་ཤར་ས་ཁུལ། ཨེ་ཤེ་ཡ་དབུས་མ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོ་བཅས་ཀྱི་མཁའ་དབྱིངས་ཀྱི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། གནམ་ཐང་གསར་པ་འདི་ཉིད་ཀྱིས་ཁྲེང་ཏུའུ་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་འཛུགས་སྐྲུན་དང་། “རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཐབ་ཇུས་ནང་ཞུགས་རྒྱུར་ནུས་པ་གལ་ཆེན་འདོན་རྒྱུ་རེད།