འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་13ཉིན།

༄༅།།ད་ལོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་མིན། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་13ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ད་ལོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་མིན།
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་《ཤ་ཚའི་དྲན་སྐུལ།》སྤེལ་ཡོད་པ་སྟེ།   ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ།  མི་མང་པོ་འཛོམས་ནས་རིམས་ནད་འགོ་སྲིད་པའི་ཉེན་ཁ་སྔོན་འགོག་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་འགན་ལེན་ཡག་པོ་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད།  2020ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོ་མི་སྤེལ་བའི་ཐག་བཅད་པ་སྟེ། 

                                                                                                                          ཤ་ཚའི་དྲན་སྐུལ།

གུས་པར་འོས་པའི་ཡུལ་སྐོར་བ་དང་སྨྱན་སྦྱོར་ཚན་པའི་གྲོགས་པོ་རྣམས་ལ་ཞུ་རྒྱུར། 

    ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ།  མི་མང་པོ་འཛོམས་ནས་རིམས་ནད་འགོ་སྲིད་པའི་ཉེན་ཁ་སྔོན་འགོག་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་འགན་ལེན་ཡག་པོ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོས་ནད་འགོག་བཅོས་བཅའ་ཁྲིམས》 དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། ཞིབ་འཇུག་བྱས་པ་བརྒྱུད།  2020ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོ་མི་སྤེལ་བའི་ཐག་བཅད་པ་ཡིན། 

     རྒྱ་ཆེའི་ཡུལ་སྐོར་བ་དང་སྨྱན་སྦྱོར་ཚན་པའི་གྲོགས་པོ་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་ཉིང་ཁྲིའི་ཡུལ་སྐོར་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་མཇུག་འགྲིལ་རྗེས། ཚང་མ་ཉིང་ཁྲིར་ཡུལ་སྐོར་དང་རྟོག་ཞིབ་སོགས་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ། 
                                                                                                                                                                       བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས། 
                                                                                                                                                                                    2020ལོའི་ཟླ་3ཚེས་9ཉིན། 
༄༅།།ད་ལོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་མིན།