འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་11ཉིན།

༄༅།།ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་ད་ལོར་བསྐྲུན་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་11ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3པའི་ཚེས་6ཉིན། སི་ཁྲོན་ཞིང་ཆེན་སྲིད་གཞུང་དྲ་བའི་ཐོག་ནས་སྤེལ་བའི་སྤྱི་བསྒྲགས《སི་ཁྲོན་ཞིང་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པ་དང་2020ལོའི་ལས་ཀའི་ཇུས་གཞིར་སྐུལ་འདེད་ཤུགས་ཆེན་བཏང་བ》ཆ་ཚང་སྤེལ་ཞིང་། “བགྲོད་ལམ་ཆེན་པོའི་འཛུགས་སྐྲུན་སྒོ་འབྱེད”གཙོ་གནད་ལས་འགན་དང་པོར་བཞག་ཡོད། འདིའི་ནང་དུ། ལྕགས་ལམ་གྱི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པ་གལ་ཆེན་ནང་གི་དོན་ཆེན་ལ་བཟུང་ཡོད། 《ཇུས་གཞི་》ནང་བསྟན་དོན། 2020ལོར་ལས་འགོ་བརྩམ་རྒྱུའི་ནང་ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་དང་།ཁྲེང་ཏུའུ་ནས་ནན་ཁྲང་དང་ཏཱ་ཀྲོའུཝང་ཀྲང་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ཡོད།
    གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཁྲོན་བོད་ལྕགས་ལམ་ནི་སི་ཁྲོན་དང་ལྷ་སར་སྦྲེལ་བ་དང་། དེ་ནི་མཚོ་བོད་ལྕགས་ལམ་རྗེས་ཀྱི་བོད་དུ་བསྐྱོད་པའི་ལྕགས་ལམ་གཉིས་པ་དེ་ཡིན་ཞིང་། ལམ་ཐིག་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་1580ཡོད་ཅིང་། ལེགས་འགྲུབ་བྱུང་རྗེས་ཁྲེང་ཏུའུ་ནས་ལྷ་ས་བར་དུ་དེ་སྔའི་ཆུ་ཚོད་36གི་དུས་ཡུན་དེ་ཆུ་ཚོད་12བར་ཇེ་ཐུང་དུ་འགྲོ་སྲིད། ཁྲོན་བོད་ལྕགས་ལམ་ལ་ལམ་དུམ་བཞི་ཡོད་པ་སྟེ། དེའི་ཁྲོད་དུ་ཁྲེང་ཏུའུ་ནས་གཡག་རྔ་བར་དང་། ལྷ་ས་ནས་ཉིང་ཁྲི་བར་ནི་2014ལོར་བསྐྲུན་འགོ་ཚུགས་ཡོད་ཅིང་། དེ་ལས་ཁྲེང་གཡག་བར་གྱི་ལྕགས་ལམ་2018ལོའི་ཟླ་12པར་ཤར་གཏོང་ཐུབ་ཡོད།
    《ཇུས་གཞི་》ཡིས་དམངས་འཚོ་དང་སྤྱི་ཚོགས་ལས་དོན་ཐད་ལ་བླང་བྱ་བཏོན་ཡོད་པ་སྟེ།“2020ལོར་དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ལ་མ་དངུལ་སྒོར་དུང་ཕྱུར་6000འཇོག་རྒྱུ”ཁ་གསལ་བཏོན་ཡོད་ཅིང་།དེའི་ནང་དུ་ཞིང་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་འགོག་བཅོས་ལྟེ་གནས་དང་།ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འཕྲོད་བསྟེན་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ལྟེ་གནས་(P3ཚོད་ལྟ་ཁང་ཚུད་)དང་།དེ་བཞིན་གྲོང་ཁྱེར་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་P2ཚོད་ལྟ་ཁང་སོགས་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས་པ།ཞིང་ཆེན་བྱིས་པའི་གསོ་རིག་ལྟེ་གནས(ཞིང་ཆེན་བྱིས་པའི་སྨན་ཁང་)སོགས་སྐྲུན་འགོ་འཛུགས་དགོས་པ་བཅས་ཡོད།