འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་11ཉིན།

༄༅༎ཀན་སུའུ་ཏེང་ཁྲང་རྫོང་དུ་དབུལ་སྐྱོར་འཁོར་ཁང་གིས་ལས་འགོ་བསྐྱར་དུ་བཙུགས་ནས་གྲོང་མི་ཁྱིམ་གྱི་
སྒོ་ཁར་ལས་ཞུགས་ཐུབ་པའི་སྐུལ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་11ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཏེང་ཁྲང་རྫོང་གིས་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་བྱེད་པ་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་དང་དབུལ་སྒྲོལ་བརྟན་པོ་ཡོང་བའི་བྱེད་ཐབས་ནུས་ལྡན་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། རོགས་སྐྱོར་སྟོབས་ཤུགས་དང་རང་ངོས་ཀྱི་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས་རིགས་མི་འདྲ་བའི་དབུལ་སྐྱོར་འཁོར་ཁང་ཧུར་ཐག་བསྐྲུན་ཏེ། གྲོང་མིས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུའི་སྐུལ་ཁྲིད་བཅས་བྱས་ཡོད། ཉེ་དུས་ས་གནས་དེས“ཁེ་ལས་རེ་ལ་སྲིད་ཇུས་རེ”སོགས་ཀྱི་བྱེད་སྟངས་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་དུས་མཚུངས་སྟབས་བསྟུན་སྣ་མང་གི་བྱེད་སྟངས་སྤྱད་དེ་དབུལ་སྐྱོར་འཁོར་ཁང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་བྱས་ཡོད། མིག་སྔར་རྫོང་དེར་དབུལ་སྐྱོར་འཁོར་ཁང་34ལས་འགོ་བསྐྱར་འཛུགས་བྱས་ཟིན་ཡོད།