འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་9ཉིན།

༄༅།།སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟུར་པར་གཞུང་གཏུག་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་09ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟུར་པ་ཅི་ཐའོ(ཐིང་རིམ་པ་གཞོན་པ)ཡིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་དགར་སྤྱད་པའི་དོགས་ཡོད་གྱོད་གཞི་དེ་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བདག་ཁོངས་དམིགས་འཛུགས་བརྒྱུད། ལེ་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལེ་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། 
    ཞིབ་དཔྱོད་ཁང་གིས་ཞུ་གཏུག་ཞིབ་བཤེར་བྱེད་པའི་དུས་རིམ་དུ། ཁྲིམས་ལྟར་གྱོད་པ་ཅི་ཐའོ་ལ་གཏུག་བཤེར་གྱི་ཁེ་དབང་ཡོད་པ་གསལ་བཤད་བྱས་ཡོད་པ་དང་། ཁྲིམས་ལྟར་གྱོད་པ་ཅི་ཐའོ་ལ་འདྲི་རྩད་བྱས་ནས་དག་འབུད་མཁན་གྱི་བསམ་འཆར་ལ་ཉན་ཡོད། ལེ་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་པ་ཅི་ཐའོ་ཡིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཡིན་པའི་ངོས་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་ཅིང་ཐབས་ཤེས་བཏང་ནས་མི་གཞན་ལ་ཁེ་ཕན་བླངས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་པར། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པའི་ཉེས་གཏུག་བྱས། ཅི་ཐའོ་ཡིས་ལས་གནས་དབང་ཆའི་སྟབས་བདེ་སྤྱད་དེ་སྒྲིག་འགལ་གྱིས་ས་ཆའི་གསབ་དངུལ་སྤྲད་པས། རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་བཅུག་ཅིང་། གནས་ཚུལ་ཚབས་ཤིན་ཏུ་ཆེ་བས། ཁྲིམས་ལྟར་འགན་དབང་གང་དགར་སྤྱད་པའི་ཉེས་གསོག་གི་འགན་འཁྲི་བདའ་འདེད་གཏོང་དགོས།