འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་6ཉིན།

༄༅།།ཀན་སུའུ་ཡི་བོད་རིགས་ས་ཁུལ་གྱི་རྫོང་དབུལ་པོ་9ཚུད་པའི་རྫོང་དབུལ་པོ་31གི་དབུལ་ཞྭ་ཕུད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་06ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོཌ་བྱུང་བར། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉིན་ཤས་གོང་བཱ་ཙེ་རྫོང་དང་། འབྲུག་ཆུ་རྫོང་། ཅི་ཧྲི་ཧྲན་རྫོང་། ཡུང་ཅིང་རྫོང་སོགས་རྫོང་31རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། མིག་སྔར། ཀན་སུའུ་རུ་ད་དུང་རྫོང་དབུལ་པོ་8དང་མི་ཁྲི་17.5དབུལ་སྒྲོལ་ཐུབ་མེད་པ་རེད།
    ཀན་སུའུ་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགོག་སྒྲོལ་གྱི་དམག་འཐབ་རྒྱག་དཀའ་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་86ཁྲོད་རྫོང་58ལིའུ་ཕན་ཧྲན་དང་། ཆིན་པ་ཧྲན། བོད་རིགས་ས་ཁུལ་གྱི“ཡུག་ཁུལ་ཆེན་པོ་གསུམ”བཅས་ཀྱི་རྫོང་དབུལ་པོའི་ནང་བཅུག་ཡོད་པ་མ་ཟད། ད་དུང་བར་བཅུག་རྣམ་པའི་རྫོང་དབུལ་པོ་17ཡོད་པས་དབུལ་སྒྲོལ་འགག་སྒྲོལ་ལ་དཀའ་ཚེགས་ཆེན་པོ་ཡོད།
    ཀན་སུའུ་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་རེན་ཡན་ཧྲུན་གྱིས། ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་གྱིས་གཏན་འཁེལ་བའི་བར་བཅུག་རྣམ་པའི་རྫོང་དབུལ་པོ་17དང་རྒྱལ་ཁབ་ཀྱི“ཁུལ་གསུམ་ཀྲོའུ་གསུམ”ནང་བཅུག་པའི་བོད་རིགས་ས་ཁུལ་གྱི་རྫོང་དབུལ་པོ་9ཚང་མ་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་ཡོད་ཅེས་བརྗོད།
     གསར་འགོར་པར་ཤེས་རྟོགས་བྱུང་བར། 2019ལོ་ཚུན། “3+1”གི་གདོང་མཆོང་རང་བཞིན་གྱི་གཙང་སེལ་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་བ་བརྒྱུད། ཀན་སུའུ་ཞིང་ཆེན་གྱིས་གཞི་རྩའི་ཆ་ནས་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས། འཐུང་ཆུའི་བདེ་འཇགས་བཅས་གཙང་སེལ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད། ཀན་སུའུ་ཡི་མི་འབོར་དབུལ་པོ་2018ལོའི་ལོ་མཇུག་གི་ཁྲི་111ནས་ཁྲི་17.5བར་ཉུང་དུ་ཕྱིན་ནས་དབུལ་པོ་ཐོན་ཚད་5.6%ནས་0.9%བར་ཆག་ཡོད་པ་རེད།