འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་5ཉིན།

༄༅༎བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་རོགས་སྐྱོར་དངོས་ཟོག་ཁག་དང་པོ་ཝུའུ་ཧན་དུ་འདྲེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་05ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་རོགས་སྐྱོར་དངོས་ཟོག་ཁག་དང་པོ་ཝུའུ་ཧན་དུ་འདྲེན་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་གྱི་ཕྱི་དྲོ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་རང་བྱུང་གཏེར་ཆུའི་འཐུང་ཆུ་ཏུན་2000དང་། ཕག་ཤ་ཏུན་30 སྔོ་ཚལ་སོས་པ་ཏུན་40བཅས་ཞལ་འདེབས་ཕུལ་ནས་རོགས་སྐྱོར་བྱས་ཏེ་རྩེད་ཐང་ནས་ཧུའུ་པེར་འདྲེན་པ་རེད།
     ཧུའུ་པེ་མི་དམངས་དང་ལྷོ་ཁའི་མི་དམངས་དབར་སྤུན་ཟླ་ལྟར་གྱི་བརྩེ་དུང་ཟབ་མོ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཧུའུ་པེ་ཞིང་ཆེན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གྱི་གྲས་ཤིག་རེད། ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་26སོང་རིང་། ཧུའུ་པེ་ཞིང་ཆེན་གྱིས་ལས་བྱེད་པའི་ཤེས་ལྡན་མི་སྣ་དང་། རྣམ་གྲངས་ཀྱི་མ་དངུལ། ཐོན་ལས་ལག་རྩལ་སོགས་ཀྱི་ཐད་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་བརྩེ་བ་ཟབ་མོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
     ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་བྱ་ཆེད། ལྷོ་ཁ་གྲོང་ཨུད་དང་སྲིད་གཞུང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་རིན་ཐང་སྒོར་ཁྲི་779.08རི་བའི་རང་བྱུང་འཐུང་ཆུ་དང་། ཕག་ཤ་སོས་པ། སྔོ་ཚལ་སོས་པ་སོགས་འཚོ་བའི་དངོས་ཟོག་ཁག་དང་པོ་གྲབས་གསོག་བྱས་ཏེ་ཝུའུ་ཧན་དུ་སྐྱེལ་འདྲེན་བྱས་པ་དང་། ཁྱད་ལྡན་ཐོན་རྫས་ཡག་ཤོས་དང་། ཁ་ཚ་དགོས་གཏུགས་ཆེ་ཤོས་ཡོང་བའི་བསམ་པ་འཁྱེར་ནས་ཧུའུ་པེའི་མི་དམངས་ལ་ཐུགས་རྗེ་ཞུ་བའི་སེམས་པ་མཚོན་པར་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཧུའུ་པེར་རོགས་སྐྱོར་བྱས་པའི་འཐུང་ཆུ་ནི་བོད་ལྗོངས་ལྷོ་ཁ་ཡར་ལྷ་ཤམ་པོ་ཁེ་ལས་ཚད་ཡོད་ཀུང་སི་དང་གྲོང་ཁྱེར་ཡར་ལུང་མ་འཇོག་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ལྷོ་ཁའི་ཁྱད་ལྡན་ཐོན་རྫས་ཏེ། བོད་ལྗོངས་ཀྱི་ཆུ་བཟང་རང་བྱུང་གཏེར་ཆུ་ཡིན་པ་རེད། ཕག་ཤ་སོས་པ་ནི་སྣེ་གདོང་ཆུས་པ་ཧྲན་ཞིང་འབྲོག་དངོས་ལས་ཚད་ཡོད་ཀུང་སིའི་ཕག་པ་གསོ་ཚགས་རྟེན་གཞི་ནས་ཡིན་པ་དང་། རྟེན་གཞི་དེ་ནི་ཝུའུ་ཧན་གྲོང་ཁྱེར་གྱི་ཐོན་ལས་དབུལ་སྐྱོར་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་རེད། སྔོ་ཚལ་སོས་པ་ནི་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”ལས་གྲྭའི་སྔོ་ཚལ་རྟེན་གཞི་ནས་ཡིན་པ་དང་། རྟེན་གཞིར་ས་ཁྱོན་མུའུ་2000ལྷག་ཙམ་ཡོད་པ་དང་ཉི་འོད་དྲོད་ཁང་700ལྷག་ཙམ་ཡོད་པ་རེད།
【1】  【2】  【3】  【4】
༄༅༎བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་རོགས་སྐྱོར་དངོས་ཟོག་ཁག་དང་པོ་ཝུའུ་ཧན་དུ་འདྲེན་འགོ་ཚུགས་པ།