འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་5ཉིན།

༄༅༎སི་ཁྲོན་ཏ་ལེང་ཧྲན་དུ“ལས་གནས་སུ་ལོག་པའི་ཆེད་གཏོང་རླངས་འཁོར”བཏང་ནས་ལས་མི་ལས་གནས་སུ་སྐྱེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་05ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་ཆར། སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་འགྲིམ་འགྲུལ་སྡེ་ཚན་གྱིས“ལས་གནས་སུ་ལོག་པའི་ཆེད་གཏོང་རླངས་འཁོར”བཏང་ནས་ལས་མི་ལས་གནས་སུ་བསྐྱལ་བ་རེད། མིག་སྔའི་བར་དུ་ལེང་ཧྲན་ཀྲོའུ་ཡིས་བསྡོམས་ཞིང་ཆེན་ལས་སྒྲོལ་བའི་ཆེད་གཏོང་རླངས་འཁོར་200ལྷག་ཙམ་བཏང་ནས། ཀོང་ཏུང་ཏུང་ཀོན་དང་། ཀྲེ་ཅང་ཅིན་ཧྭ། ཧྥུའུ་ཅན་ཧྥུའུ་ཀྲོའུ་སོགས་གྲོང་ཁྱེར་13ལ་ཁག་སོ་སོར་ལས་མི་མི་ཐེངས་5500ལྷག་ཙམ་བསྐྱལ་བ་རེད།