འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་3ཉིན།

༄༅༎ཕོ་བྲང་པོ་ཏ་ལས་དྲ་རྒྱའི་ཐད་གཏོང་ཐོག་མར་བྱས་ནས་དྲ་གྲོགས་རྣམས"འཛམ་གླིང་ཡང་རྩེའི་མུ་ཏིག་སྐོར་བར"ཁྲིད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་03ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཕོ་བྲང་པོ་ཏ་ལས་དྲ་རྒྱའི་ཐད་གཏོང་ཐོག་མར་བྱས་ནས་དྲ་གྲོགས་རྣམས'འཛམ་གླིང་ཡང་རྩེའི་མུ་ཏིག་སྐོར་བར'ཁྲིད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལས་དྲ་རྒྱའི་ཐད་གཏོང་རྣམ་པའི་ཐོག་ནས་རྒྱལ་ཡོངས་ཀྱི་དྲ་གྲོགས་དང་མཉམ་འགུལ་སྤེལ་རེས་བྱེད་པའི"འཛམ་གླིང་ཡང་རྩེའི་མུ་ཏིག་སྐོར"ཞེས་པའི་གཟིགས་སྐོར་སྤྲོ་གསེང་བྱེད་སྒོ་སྤེལ་ཡོད།
     ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་7པར་སྐྲུན་འགོ་ཚུགས་པ་དང་། དེའི་ཐུན་མོང་མ་ཡིན་པའི་བཟོ་བཀོད་དང་ཕོ་བྲང་ནང་ཉར་ཚགས་བྱས་པའི་ཕོན་ཆེ་བའི་རིག་དངོས། ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་དབང་གིས"འཛམ་གླིང་ཡང་རྩེའི་མུ་ཏིག"ཅེས་པའི་མཚན་སྙན་ལྡན་ཡོད།
     ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པ་ཡོལ་ཙམ་ལ་ཕོ་བྲང་པོ་ཏ་ལའི་དྲ་རྒྱའི་གཟིགས་སྐོར་བྱེད་སྒོ་ཐའོ་པའོ་ཐད་གཏོང་གི"དཔྱིད་དུས་གཟིགས་སྐོར"ཞེས་པ་བརྒྱུད་དུས་ཐོག་ལྟར་དྲ་གྲོགས་ཚོའི་སྤྱན་ལམ་དུ་དྲངས་ཡོད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འཆད་འགྲེལ་བ་ཚེ་རིང་སྒྲོལ་དཀར་གྱིས་དམར་པོ་རིའི་རི་གཤམ་དུ་ལངས་ཏེ"ཞོལ་གྲོང"དང་ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་བྱས་ནས་ད་ཐེངས་ཀྱི"གཟིགས་སྐོར་སྤྲོ་གསེང"འགོ་ཚུགས་ཡོད།
     "རྡོ་སྟེགས་འདིའི་ཐོག་གི་པར་རིས་ནི་ཅི་ཞིག་ཡིན་ནམ། རེད། འདི་ནི་ད་བར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་གཡུང་དྲུང་རི་མོ་རེད" "ཕོ་བྲང་པོ་ཏ་ལར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། འོན་ཀྱང་ཁྱེད་ཉིད་ཕེབས་ཐེངས་རེར་འདི་གའི་གྱང་ངོས་རྟག་ཏུ་འདི་འདྲའི་བཀྲག་མདངས་དོད་པོ་ཡོད། འདི་ནི་རྒྱུ་མཚན་ཅི་ཞིག་ཡིན་ནམ། རྒྱུ་མཚན་ནི་ལོ་ལྟར་རྩི་བྱུགས་པའི་དུས་སྐབས་སུ་དོ་དམ་ཁྲུའུ་ཡི་ཉམས་གསོ་ཚན་ཁག་ནས་དམིགས་བསལ་གྱི་རྩི་བྱུགས་པས་ཡིན" ལེ་ཚན་གཙོ་སྐྱོང་བའི་ཁྲིད་སྟོན་འོག་དྲ་གྲོགས་ཚོའི་མཐོང་ལམ་སྐས་རིམ་བཞིན་མདུན་དུ་རྒྱུག རྡོ་སྐས་200ལྷག་ཙམ་བདེ་བླག་ངང"བསྐྱོད"མཐར་བག་ཕེབས་པའི་མཉམ་འགུལ་སྤེལ་རེས་ཀྱི་རྣམ་པའི་འོག་དམར་པོ་རིའི་རྩེར་སླེབས་པ་དང"འཛམ་གླིང་ཡང་རྩེའི་མུ་ཏིག"ནང་འབྱོར།
     ད་ཐེངས་ཀྱི་དྲ་རྒྱའི་ཐད་གཏོང་དུས་ཚོད་སྐར་མ་60ཡིན་པ་དང་ཐད་གཏོང་ནང་དོན་ཁྲོད་ཕོ་བྲང་པོ་ཏ་ལའི་རྒྱུན་གཏན་གྱི་གཟིགས་སྐོར་ལམ་ཐིག་དང་ཕོ་བྲང་གི་བཟོ་བཀོད་བཟོ་རྩལ། རིག་དངོས་གནའ་ཤུལ་གྱི་རྒྱུན་གཏན་སྲུང་སྐྱོང་ལས་དོན་སོགས་ཚུད་ཡོད། དེའི་ཁྲོད་ཕོ་བྲང་པོ་ཏ་ལའི་རིག་དངོས་ཞིབ་འཇུག་ཁང་གི་ལས་དོན་པ་རྡོ་རྗེ་ཕུན་ཚོགས་ཀྱིས་དྲ་གྲོགས་ཚོའི་སྣེ་ཁྲིད་དེ་ཕོ་བྲང་པོ་ཏ་ལའི་དེ་སྔ་ཕྱི་ཕྱོགས་སུ་སྒོ་འབྱེད་ཚད་ཧ་ཅང་ཉུང་བའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་སྤེལ་ཡུལ་དངོས་དང་དེ་བཞིན་རྒྱ་ཕིབས་སོགས་ས་ཁོངས་སུ་གཟིགས་སྐོར་བྱས་ཡོད།
     ཐད་གཏོང་ཆུ་ཚོད་གཅིག་བྱས་པའི་ནང་ཁྱོན་གཟིགས་མཁན་མི་ཐེངས་ཁྲི་92ཟིན་པ་དེ་ཕོ་བྲང་པོ་ཏ་ལའི་ལོ་ཧྲིལ་པོའི་མི་ཐེངས་ཁྲི་150ཡི་གཟིགས་སྐོར་བའི་ཚད་གཞིའི་ཕྱེད་ཀ་ཡན་ལས་བརྒལ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཕོ་བྲང་པོ་ཏ་ལས་ད་དུང་རིག་དངོས་འགྲེམས་སྟོན་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་སྐབས་དེ་དུས་ཕོ་བྲང་ནང་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་དེ་བས་མང་བས་དྲ་གྲོགས་རྣམས་ལ་མཐོང་ཚོར་གྱི་སྟོན་མོ་གཞན་ཞིག་བཤམ་རྒྱུ་རེད།
【1】  【2】
༄༅༎ཕོ་བྲང་པོ་ཏ་ལས་དྲ་རྒྱའི་ཐད་གཏོང་ཐོག་མར་བྱས་ནས་དྲ་གྲོགས་རྣམས'འཛམ་གླིང་ཡང་རྩེའི་མུ་ཏིག་སྐོར་བར'ཁྲིད་པ།