འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་3ཉིན།

༄༅༎སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རྟའུ་ལ་རིམས་འགོག་དཔེ་དེབ་ཀྱི་ཞལ་འདེབས་ཕུལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་03ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རྟའུ་ལ་རིམས་འགོག་དཔེ་དེབ་ཀྱི་ཞལ་འདེབས་ཕུལ།
     སྤྱི་ཟླ་༣པའི་ཚེས་༢ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རྟའུ་རྫོང་ལ་མ་དངུལ་སྒོར་༧༢༨༠༠ཡི་བོད་རྒྱ་སྐད་གཉིས་ཅན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཆེད་ལས་རིམས་འགོག་དཔེ་དེབ་ཀྱི་ཞལ་འདེབས་ཕུལ།
     ཉེ་བའི་ཉིན་འདི་དག་གི་རིང་། དཀར་མཛེས་ཁུལ་རྟའུ་རྫོང་གི་རིམས་ནད་བྱུང་ཚུལ་གྱིས་མི་མང་པོར་སེམས་ཁྲལ་ཆེན་པོ་བཟོ་བཞིན་ཡོད། དེར་བརྟེན་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་པའི་འགན་འཕྲི་ཕྲག་ཏུ་བླངས་ནས་དུས་ཐོག་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྐོར་གྱི་སྔོན་འགོག་དེབ་སྐོར་ཞིག་དཔེ་སྐྲུན་བྱས། ཐེངས་འདིའི་དཔེ་དེབ་རིན་མེད་གཟིགས་འབུལ་ཞུས་བར་རིགས་གསུམ་ཡོད་དེ། དེ་དག་ནི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་འགོག་ལྟེབ་ཡིག་《ཚན་རིག་གི་འགོག་སྲུང་ལ་བརྟེན་ན། རིམས་འགོག་ལས་རྣམ་པར་རྒྱལ་ངེས》དང་། ན་ཆུང་བྱིས་པའི་རིམས་འགོག་དཔེ་དེབ་《ཚན་རིག་གིས་བློ་སྒོ་འབྱེད་པ།——ན་ཆུང་བྱིས་པ་ཚོར་ཕུལ་བའི་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་རིས་དེབ》ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་འགོག་ཤེས་བྱའི་འགེལ་རིས་《ཚན་རིག་གི་འགོག་སྲུང་དང་རིམས་ནད་སྐོར་གྱི་དྲི་བ་དྲིས་ལན》བཅས་ཡིན།
     བོད་རྒྱ་ཤན་སྦྱར་གྱི་དེབ་འདི་དག་ནི་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་བསྒྲིགས་ཤིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཚན་རིག་ཁྱབ་སྤེལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པ་ཡིན། དེབ་འདི་དག་རྒྱ་ཆེའི་མང་ཚོགས་སུ་ཡིས་བཀླགས་ཀྱང་གོ་བདེ་ཞིང་སྤྱོད་སྒོ་ཆེ་ལ། ཚན་རིག་གི་དབང་གྲགས་ལྡན་པའི་ཡིག་རིས་ཟུང་འབྲེལ་གྱི་རིམས་ནད་འགོག་སྲུང་གི་ཀློག་དེབ་ཤ་སྟག་ཡིན་ནོ།།
【1】  【2】
《ཚན་རིག་གི་འགོག་སྲུང་ལ་བརྟེན་ན། རིམས་འགོག་ལས་རྣམ་པར་རྒྱལ་ངེས》
《ཚན་རིག་གི་འགོག་སྲུང་ལ་བརྟེན་ན། རིམས་འགོག་ལས་རྣམ་པར་རྒྱལ་ངེས》