འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་28ཉིན།

༄༅། །བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་26ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལེའུ་དང་པོ། སྤྱིའི་དོན་ཚན།
     དོན་ཚན་དང་པོ། བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་བྱེས་སྐྱེས་སྲོག་ཆགས་མྱུར་སྐྱོབ། སྲོག་ཆགས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་ཡོང་བ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།
     དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་ཁོངས་ཀྱི་མཚོ་ཁོངས་གཞན་དག་ཏུ་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་དེ་དང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་འཐུས།
བཅའ་ཁྲིམས་འདིའི་ནང་བཀོད་པའི་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ཞེས་པ་ནི་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་སྐམ་ས་དང་ཆུར་འཚོའི་བྱེས་སྐྱེས་སྲོག་ཆགས་དང་། སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་སྐམ་འཚོའི་བྱེས་སྐྱེས་སྲོག་ཆགས་ལ་ཟེར།
     བཅའ་ཁྲིམས་འདིའི་ནང་བཀོད་པའི་བྱེས་སྐྱེས་སྲོགས་ཆགས་དང་དེའི་བཟོས་རྫས་ནི་བྱེས་སྐྱེས་སྲོག་ཆགས་ཀྱི་ལུས་ཡོངས་(ཁམས་དམར་དང་སྒོ་ང་ཚུད་)དང་། ཆ་ཤས་དང་དེ་ལས་བྱུང་བའི་དངོས་རྫས་ལ་ཟེར།
རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་ཆུར་འཚོའི་བྱེས་སྐྱེས་སྲོག་ཆགས་ཕུད་ཆུར་འཚོའི་བྱེས་སྐྱེས་སྲོག་ཆགས་གཞན་དག་སྲུང་སྐྱོང་བྱ་རྒྱུའི་ཐད་ལ་《ཉ་ལས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》སོགས་བཅའ་ཁྲིམས་ནང་འཁོད་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།
     དོན་ཚན་གསུམ་པ། བྱེས་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན། 
     བཅའ་ཁྲིམས་ལྟར་བྱེས་སྐྱེས་སྲོག་ཆགས་ཀྱི་ཚན་རིག་ཞིབ་འཇུག་དང་མིའི་ཐབས་ཀྱིས་གསོ་སྤེལ་སོགས་སྲུང་སྐྱོང་དང་དེ་དང་འབྲེལ་ཡོད་བྱེད་སྒོ་སྤེལ་བའི་རྩ་འཛུགས་དང་སྐྱེ་བོའི་ཁྲིམས་མཐུན་ཁེ་དབང་ལ་རྒྱལ་ཁབ་ཀྱིས་འགན་སྲུང་བྱ་རྒྱུ། 
     དོན་ཚན་བཞི་པ། རྒྱལ་ཁབ་ནས་བྱེས་སྐྱེས་སྲོག་ཆགས་ཐད་ལ་དམིགས་བསལ་གྱིས་སྔོན་དུ་སྲུང་སྐྱོང་དང་། ཚད་ལྡན་བེད་སྤྱོད། ལྟ་སྐུལ་དོ་དམ་ནན་པོ་བཅས་བྱེད་པའི་རྩ་དོན་ལག་ལེན་དུ་བསྟར་ནས་བྱེས་སྐྱེས་སྲོག་ཆགས་སྐོར་གྱི་ཚན་རིག་ཞིབ་འཇུག་བྱེད་པར་བསྔགས་སྐུལ་བྱེད་པ་དང་།  སྤྱི་དམངས་ལ་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་ཡོང་བ་གསོ་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།
     དོན་ཚན་ལྔ་པ། རྒྱལ་ཁབ་ཀྱིས་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་བྱ་རྒྱུ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་དང་འབྲེལ་ཡོད་ཀྱི་སྲུང་སྐྱོང་འཆར་གཞི་དང་བྱེད་ཐབས་གཏན་འབེབས་བྱེད་པ་དང་སྦྲགས་དེ་དག་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད་ཀྱི་འགྲོ་གྲོན་སྔོན་རྩིས་ནང་དུ་འཇུག་དགོས།
     སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ཁྲིམས་ལྟར་ཞལ་འདེབས་འབུལ་བ་དང་། རོགས་དངུལ་སྤྲོད་པ། དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བྱེས་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་བྱེད་སྒོའི་ནང་ཞུགས་པ་དང་། བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་སྤྱི་ཕན་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ།
     བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་ཞེས་པ་ནི་བྱེས་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་རི་ཐང་དུ་སྐྱེ་འཕེལ་འཚོ་གནས་བྱེད་པའི་ས་ཁོངས་གལ་ཆེན་ལ་ཟེར།
     དོན་ཚན་དྲུག་པ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། ཁྲིམས་འགལ་གྱིས་བྱེས་སྐྱེས་སྲོག་ཆགས་རྔོན་པའམ་བྱེས་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ལ་གཏོར་སྐྱོན་གཏོང་རིགས་ལ་བཀག་འགོག་བྱ་རྒྱུ། 
     རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཚང་མར་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་བཅའ་ཁྲིམས་འདི་དང་འགལ་བའི་བྱ་སྤྱོད་ལ་ཐེར་འདོན་གོང་ཞུ་དང་ཡང་ན་ཉེས་གཏུག་བྱེད་དབང་ཡོད།  བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག ལས་ཁུངས་བཅས་ཀྱིས་ཐེར་འདོན་ནམ་ཡང་ན་ཉེས་གཏུག་བྱས་རིགས་བཅའ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།
     དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་དང་། ཉ་ལས་གཙོ་སྐྱོང་སྡེ་ཁག་སོ་སོས་རྒྱལ་ཡོངས་ཀྱི་སྐམ་འཚོ་དང་ཆུར་འཚོའི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་གཙོ་སྐྱོང་བྱེད་དགོས།
     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་ཉ་ལས་གཙོ་སྐྱོང་སྡེ་ཁག་སོ་སོས་སྲིད་འཛིན་ས་ཁོངས་དེ་ཉིད་ཀྱི་སྐམ་འཚོ་དང་ཆུར་འཚོའི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་གཙོ་སྐྱོང་བྱེད་དགོས།
     དོན་ཚན་བརྒྱད་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་།  གཞི་རིམ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས།  ཁེ་ལས་དང་བྱ་ལས་སྡེ་ཚན། དང་བླངས་པ་བཅས་ཀྱིས་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲུང་སྐྱོང་ཤེས་བྱ་བཅས་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
     སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭ་རྣམས་ཀྱིས་སློབ་མ་ཚང་མར་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་ཤེས་བྱའི་སྐོར་གྱི་སློབ་གསོ་གཏོང་དགོས།
     གསར་འགྱུར་མཚམས་སྦྱོར་ལས་ཁུངས་ཀྱིས་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲུང་སྐྱོང་ཤེས་བྱ་བཅས་དྲིལ་བསྒྲགས་བྱེད་པ་དང་། ཁྲིམས་འགལ་བྱ་སྤྱོད་ལ་གླེང་ཕྱོགས་ངོས་ནས་ལྟ་སྐུལ་བྱེད་དགོས།
     དོན་ཚན་དགུ་པ། བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྩ་འཛུགས་དང་མི་སྒེར་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱ་དགའ་སྤྲོད་རྒྱུ།
【1】  【2】  【3】  【4】  【5】