འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་27ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་
སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་25ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་
སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཁོངས་མི། དྲུང་ཆེན་ཚུང་ལེའང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཏང་ཙུའི་ཁོངས་མི། སྤྱི་ཁྱབ་བཟོ་འགོད་པ་ཐེན་ཡུས་ལུང་། ནོར་སྲིད་པུའི་པུའུ་ཀྲང་ལས་རོགས། ཏང་ཙུའི་ཁོངས་མི་ཨོའུ་ཝུན་ཧན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ། ཏང་ཙུའི་ཁོངས་མི་ཡིའུ་ཅུན། ཚོང་དོན་པུའི་པུའུ་ཀྲང་ལས་རོགས། ཏང་ཙུའི་ཁོངས་མི་རེན་ཧུང་པིན། མི་དམངས་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན། ཧང་ཀྲང་གཞོན་པ་ཁྲེན་ཡུས་ལུའུ་བཅས་གདན་དྲངས་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱེད་པའི་ལས་དོན་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།