འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་25ཉིན།

༄༅༎མཚོ་སྔོན་གྱི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་བོད་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་ཡིག་ཕུལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་25ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     རྟེན་འབྲེལ་ཞུ་ཡིག
མཛའ་བརྩེ་ལྡན་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།
     བོད་ལྕགས་ཕོ་བྱི་ལོའི་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་ངས་བོད་རིགས་སྤུན་ཟླ་ཚོར་དུས་ཆེན་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
འདས་ཟིན་པའི2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་པས། རྒྱ་ཆེའི་བོད་རིགས་སྤུན་ཟླས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་མཐུན་སྒྲིལ་ཞི་མཐུན་དང་། ཕྱར་བ་གྲུ་འདེགས། དཀའ་སྤྱད་འབད་འཐབ་བཅས་བྱས་པ་དང་། ཁུལ་དྲུག་གི་བོད་རིགས་ས་ཁུལ་ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་ནས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བ། ཆོས་ལུགས་དུས་རབས་དང་བསྟུན་པ། དབུལ་ཕོངས་མཐའ་གཅིག་ཏུ་སེལ་བ། སྣོད་བཅུད་འཕེལ་རྒྱས་དམིགས་སུ་འཛིན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
     2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་ཡིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླས་མི་རིགས་ཁག་དང་ལས་རིགས་ཁག་དང་མཉམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རིགས་ས་ཁུལ་གྱི་སྣོད་བཅུད་འཛུགས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཡར་ཐོན་དང་རིག་གནས་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། བོད་རིགས་ས་ཁུལ་གྱི་ཆབ་སྲིད་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”དང“དཔེ་སྟོན་ཞིང་ཆེན་ལྔ”བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སེམས་ནུས་གཅིག་སྒྲིལ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
     མིག་སྔར། མཚོ་སྔོན་ཞིང་ཆེན་དུ་བསྟུད་མར་གསར་བྱུང་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་དང་དོགས་གཞི་ཡོད་པའི་ནད་དཔེ་མེད་པ་དང་། གསར་བྱུང་ཚེ་འདས་ནད་དཔེ་མེད་ལ། སྨན་བཅོས་མི་སྣར་ཡང་རིམས་ནད་འགོས་མེད་ཅིང་། སྔོན་འགོག་ཚོད་འཛིན་ལས་དོན་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཐོན་སྐྱེད་ལས་འགོ་ཚུགས་པའི་འཕེལ་ཕྱོགས་ཡག་པོ་ཡོད་མོད། འོན་ཀྱང་ཞིང་ཆེན་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྔར་བཞིན་ཤུགས་ཆེན་པོ་རྒྱག་དགོས་པས། ང་ཚོས་དོགས་ཟོན་ལྷོད་གཡེང་དུ་གཏོང་མི་རུང་བར་སྔར་བཞིན་སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་བྱེད་དགོས། བོད་རིགས་སྤུན་ཟླས་དམིགས་བསལ་གྱི་དུས་སྐབས་འདིར་ལོ་སར་བར་བདེ་ཐང་ངང་ལོ་གསར་གཏོང་བ་དང་དཔལ་ཡོན་ངང་དུས་ཆེན་གཏོང་བ། ཁ་པར་ལམ་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་རྒྱུ་བཅས་དར་སྤེལ་བཏང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པའི་རེ་བ་ཡོད།
     མཐར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་། ལུས་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།
     ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན།
     མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིང་།
     2020ལོའི་ཟླ2པའི་ཚེས23ཉིན་ལ།