འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་25ཉིན།

༄༅༎མགོ་ལོག་གནམ་ཐང་གི་མཁའ་འགྲུལ་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་24ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎མགོ་ལོག་གནམ་ཐང་གི་མཁའ་འགྲུལ་སླར་གསོ་བྱུང་བ།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་མགོ་ལོག་གནམ་ཐང་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་འབོད་སྐུལ་དང་ལེན་བྱ་ཆེད། མགོ་ལོག་གནམ་ཐང་ཡན་ལག་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག  ཤར་ཕྱོགས་མཁའ་འགྲུལ་ཀུང་སི་དང་གྲོས་མོལ་བྱས་པ་བརྒྱུད། ཟླ་2ཚེས་23ཉིན་ནས་བཟུང་མཁའ་ལམ་གྱི་དུས་གཏན་གནམ་གྲུ་རིམ་བཞིན་སླར་གསོ་བྱས་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་སླར་གསོ་བྱེད་པའི་དུས་གཏན་གནམ་གྲུའི་གཟའ་འཁོར་དང་པོ་སྟེ། ཚེས་23ནས་29ཉིན་བར་ཚེས་24དང་28ཉིན་ཕུད། དེ་བྱིངས་ཀྱི་དུས་ཚོད་ཚང་མར་དུས་གཏན་གནམ་གྲུ་ཡོད་པ་རེད། གཟའ་འཁོར་གཉིས་པ་སྟེ། ཟླ་3ཚེས་1ཉིན་ནས་བཟུང་སྔར་ཡོད་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལྟར་ལག་བསྟར་བྱ་རྒྱུ་སྟེ། གཟའ་འཁོར་རེའི་རེས་གཟའ་མིག་དམར་དང་། ལྷག་པ། ཕུར་བུ། སྤེན་པ། ཉི་མ་བཅས་སོ་སོར་གནམ་གྲུ་2རེ་ཡོད་པ་དང་། གཟའ་འཁོར་རེའི་གཟའ་ཟླ་བ་དང་། པ་སངས་སོ་སོར་གནམ་གྲུ་གཅིག་རེ་ཡོད། 
     ཤར་ཕྱོགས་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་སྦྲེལ་མཐུད་ཧུར་ཐག་བྱས་ནས་དུས་གཏན་གནམ་གྲུ་སླར་གསོ་བྱེད་པའི་ལས་དོན་ཕུད། མགོ་ལོག་གནམ་ཐང་ཡན་ལག་ཀུང་སིས་ཚ་བ་རྒྱས་པའི་འགྲུལ་པ་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་མུ་མཐུད་དུ་ཞིབ་ཚགས་སུ་བཏང་ཞིང་། རིམས་འགོག་དངོས་འཐབ་ནང་སྦྱོང་རྩ་འཛུགས་བྱས་པ་དང་། མི་སྣ་ལས་ཐོག་ཏུ་ཡོད་པར་ཁག་ཐེག་དང་། འགན་འཁྲི་ལས་རྐང་ཐོག་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ། དུས་གཏན་གནམ་གྲུ་སླར་གསོ་བྱུང་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྨང་གཞི་ཡག་པོ་བཏང་ཡོད་པ་རེད། 
༄༅༎མགོ་ལོག་གནམ་ཐང་གི་མཁའ་འགྲུལ་སླར་གསོ་བྱུང་བ།
༄༅༎མགོ་ལོག་གནམ་ཐང་གི་མཁའ་འགྲུལ་སླར་གསོ་བྱུང་བ།