འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་25ཉིན།

༄༅༎ཝུའུ་ཧན་དུ་དང་བླངས་པས་བྱ་སྤྱོད་སྤེལ་བཞིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་24ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཝུའུ་ཧན་དུ་དང་བླངས་པས་བྱ་སྤྱོད་སྤེལ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་23ཉིན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་ཧྭ་ཅིན་སྡེ་ཁུལ་གྱི་གྲོང་མི་100ལྷག་ཙམ་གྱིས་དང་བླངས་པའི་དཔུང་ཁག་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཅིང་། ཁོང་ཚོས་ཐག་ཉེ་ས་དང་སྟབས་བདེ་སའི་རྩ་དོན་གཞིར་བཟུང་རང་ཉིད་སྡོད་སའི་སྡེ་ཁུལ་གྱི་ཏང་ཡོན་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་འབྱོར་ཐོ་བཀོད་པར་བསྐྱོད་དེ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི་རུ་ཁག་ནང་ཞུགས་པ་རེད།
     ཝུའུ་ཧན་གྱི་གྲོང་ཁུལ་ལྟེ་བར་འཕྲུལ་སྒུལ་འཁོར་རིགས་བཀག་སྡོམ་དང་སྡེ་ཁུལ་དུ་ཆུ་ཚོད་24ཡི་བཀག་སྡོམ་ཚོད་འཛིན་དོ་དམ་བྱས་རྗེས་གྲོང་མིས་འཚོ་བའི་མཁོ་ཆས་ཉོ་རྒྱུ་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད། ཟླ་2ཚེས་23ཉིན་གྱི་སྔ་དྲོ། ཝུའུ་ཧན་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ་སྤེལ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་དང་བླངས་པ་ཆེད་མངགས་བསྡུས་ཏེ་གྲོང་མིར་བཟའ་བཅའ་དང་སྨན་རྫས་ཚབ་ཉོ་ཚབ་སྐྱེལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད། ཕྱི་དྲོའི་ཆུ་ཚོད་17ཙམ་བར་གྲོང་ཁྱེར་དེ་ཡོངས་སུ་དང་བླངས་པའི་མིང་ཐོ་འགོད་མཁན་མི་གྲངས་ཁྲི་1ལས་བརྒལ་ཡོད་པ་རེད།
【1】  【2】  【3】
༄༅༎ཝུའུ་ཧན་དུ་དང་བླངས་པས་བྱ་སྤྱོད་སྤེལ་བཞིན་པ།