འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎རང་རྒྱལ་གྱིས་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་བཞི་བདེ་བླག་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་22ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎རང་རྒྱལ་གྱིས་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་བཞི་བདེ་བླག་ངང་འཕེན་གཏོང་བྱས་པ།
     ཟླ་2ཚེས་20ཉིན་གྱི་ཆུ་ཚོད་5དང་སྐར་མ་7ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་རྟགས་ཅན་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ། མེ་ཤུགས་འཕུར་མདའ་གཅིག་དང་སྲུང་སྐར་བཞི་སྤྱད་ནས་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་Cདང་། སྲུང་སྐརD སྲུང་སྐརE སྲུང་སྐརFབཅས་བར་སྣང་ལ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་ནས་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།