འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎མཚོ་སྔོན་གྱིས་ཁུལ་དང་རིམ་པ་ཕྱེ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་22ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཆུ་ཚོད་24པའི་བར། མཚོ་སྔོན་དུ་བསྟུད་མར་ཉིན་13གཏན་འཁེལ་བའི་ནད་དཔེ་གསར་པ་ཐོན་མེད་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་དབྱེ་རིམ་དབྱེའི་གནད་སྨིན་ཇུས་བསྟར་ལས་དོན་སྐོར་གྱི་ཇུས་གཞི》དངོས་སུ་བཀྲམ་པ་རེད།
     《ལས་དོན་ཇུས་གཞིའི》ནང་ཁ་གསལ་བསྟན་དོན། ཁུལ་དབྱེ་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ནས། ས་གནས་ཁག་གི་དོན་དངོས་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ་དང་རྫོང་ཁོངས་ཚན་པར་བྱས་ནས་ཁུལ་དང་རིམ་པ་ཕྱེ་སྟེ་ཧེ་བག་ཡོད་པའི་བྱ་ཐབས་བཟོ་དགོས།
     གཙོ་གནད་སྔོན་འགོག་ཚོད་འཛིན་གྱི་ས་ཁུལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་འོག་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། “སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཡོང་ཚད་མཐོ་རུ་དང་། འགོ་ཚད་དང་གྲོངས་ཚད་དམའ་རུ་ཧུར་ཐག་གཏོང་དགོས་པ། མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ནས་ལོག་མཁན་དང་། འབྲེལ་བ་དམ་ཟབ་བྱུང་མཁན། གསོ་རིག་ལྟ་ཞིབ་པའི་ཐོ་འགོད། ལོགས་སུ་འཇོག་པ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་ཆབས་ཅིག ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
     གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་གྱི་ས་ཁུལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ནས་ལོག་མཁན་དང་། འབྲེལ་བ་དམ་ཟབ་བྱེད་བྱུང་མཁན། གསོ་རིག་ལྟ་ཞིབ་པའི་ཐོ་འགོད། ལོགས་སུ་འཇོག་པ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དང་ཆབས་ཅིག ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
     སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་གྱི་ས་ཁུལ། མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་ཐོན་སྐྱེད་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པའི་ལས་དོན་ཕྱོགས་ཡོངས་དང་ཕན་ནུས་ཆེན་པོས་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ནས་ལོག་མཁན་དང་། འབྲེལ་བ་དམ་ཟབ་བྱུང་མཁན། གསོ་རིག་ལྟ་ཞིབ་པའི་ཐོ་འགོད། ལོགས་སུ་འཇོག་པ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དང་ཆབས་ཅིག ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།