འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎སི་ཁྲོན་དཀར་མཛེས་ཉག་ཆུ་སྤ་སྨྱུག་རོང་ཤང་གི་སློབ་ཆེན་སློབ་མ་དང་བླངས་པ་49ཡིས་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎སི་ཁྲོན་དཀར་མཛེས་ཉག་ཆུ་སྤ་སྨྱུག་རོང་ཤང་གི་སློབ་ཆེན་སློབ་མ་དང་བླངས་པ་49ཡིས་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱས་པ།
     མི་དམངས་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་སྤ་སྨྱུག་རོང་ཤང་གིས་ཤང་ཡོངས་སུ་གུང་གསེང་བཏང་ནས་ཁྱིམ་ནང་སྡོད་མཁན་སློབ་ཆེན་སློབ་མའི་ཧུར་སེམས་སྐུལ་སྐུལ་སློང་གང་ལེགས་བྱས་པ་རེད། 
     “ད་ཆ་ནི་ང་ཚོ་གཞོན་ནུའི་སྟོབས་ཤུགས་མཁོ་བའི་དུས་ཡིན་ཞིང་། ཤང་ཏང་ཨུད་དང་སྲིད་གཞུང་གིས་དང་བླངས་པ་བསྡུ་བ་མཐོང་དུས། ང་རང་མིང་ཐོ་འགོད་པར་ཡོང་བ་ཡིན། རང་གི་ནུས་པའི་སྲིད་ཞུ་བསྒྲུབ་ཐུབ་པའི་རེ་བ་ཡོད། སྤ་སྨྱུག་རོང་ཤང་ཡོངས་ཀྱི་སློབ་ཆེན་སློབ་མ་49ཡིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས“རིམས་ནད་སྔོན་འགོག་ཚོད་འཛིན་དང་བླངས་པ”རུ་གྱུར་བ་དང་། སློབ་ཆེན་སློབ་མའི་ཤེས་བྱ་དང་། གསོན་ཤུགས། ནུས་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྨན་དོན་མི་སྣ་དང་ཤང་དང་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་ལངས་ཡོད།