འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎ཝུའུ་ཧན་དུ་སྡེ་ཁུལ་གྱིས་གྲོང་མིའི“ཤ་ཚལ་སྒོང་གསུམ”འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཝུའུ་ཧན་དུ་སྡེ་ཁུལ་གྱིས་གྲོང་མིའི“ཤ་ཚལ་སྒོང་གསུམ”འགན་ལེན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ནས་19ཉིན་བར་དུས་ཡུན་ཉིན་གསུམ་གྱི་དྲ་རྒྱ་འཐེན་པ་ལྟར་གྱི་གྲལ་བཤེར་ཆེན་པོ་ཞིག་ཝུའུ་ཧན་གྱི་སྡེ་ཁུལ་དང་གྲོང་ཚོ་3300ལྷག་ཙམ་དུ་དུས་གཅིག་ཏུ་སྤེལ་བ་རེད། གྲོང་མི་ཁག་གཅིག་གིས་རྒྱུན་གཏན་བཞིན་ཕྱིར་སྔོ་ཚལ་དང་། འབྲས། ཤ་སོགས་འཚོ་བའི་མཁོ་ཆས་ཉོ་བར་འགྲོ་ཐུབ་ཀྱི་མེད། ཝུའུ་ཧན་གྲོང་ཁྱེར་སྲིད་གྲོས་ཀྱི་ཧྭ་ཆའོ་སྡེ་ཁུལ་དུ་གཤམ་སྐྱོད་བྱེད་མཁན་ལས་བྱེད་པས་སྐད་འཕྲིན་ཚོགས་པ་བརྒྱུད་གྲོང་མི་སྒྲིག་འཛུགས་བྱས་ཏེ་དང་བླངས་པ་དང་འབྲེལ་མཐུད་བྱེད་པ་དང་། གྲོང་མིས་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་བརྒྱུད་མངགས་ཐོ་བཏང་ཆོག་པ་དང་དང་བླངས་པས་མངགས་ཐོ་ལེན་རྗེས་གྲོང་ཁྱེར་ཉེ་འཁོར་དུ་བསྐྱོད་དེ་ཞིང་པའི་ལག་ནས་སྔོ་ཚལ་དང་ཤིང་འབྲས་སོས་པ་སོགས་ཐོན་རྫས་ཐད་ཀར་ཉོ་སྒྲུབ་བྱས་ཏེ། ཉིན་གཉིས་པར་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་། དང་བླངས་པ། ལས་ཁུངས་ཀྱི་གཤམ་སྐྱོད་བྱེད་མཁན་ལས་བྱེད་པས་གྲོང་མིའི་མངགས་ཐོའི་ཨང་རྟགས་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྤྲོད་ཀྱི་ཡོད་པ་རེད། ཟླ་2ཚེས་18ཉིན་ནས་བཟུང་ཉིན་གསུམ་ནང་ཞབས་ཞུ་དེས་ཧྭ་ཆའོ་སྡེ་ཁུལ་གྱི་གྲོང་མི་དུད་ཚང་1000ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
【1】  【2】  【3】  【4】
༄༅༎ཝུའུ་ཧན་དུ་སྡེ་ཁུལ་གྱིས་གྲོང་མིའི“ཤ་ཚལ་སྒོང་གསུམ”འགན་ལེན་བྱས་པ།