འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱེད་མཁན་གྱི་སྨན་དོན་པར་དོ་ཁུར་དང་སྐུལ་ལྕག་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2020ལོའི་ཟླ་2ཚེས་18ཉིན། སུའུ་ཀྲོའུ་བཟོ་ལས་གླིང་ཤིན་ཤིན་སྡེ་ཁུལ་གྱི་ལས་དོན་མི་སྣ་སྡེ་ཁུལ་གྱི་ལས་བཟོ་བ་ཝང་ཀྲེའི་ཁྱིམ་དུ་འཚམས་འདྲིར་བསྐྱོད་པ་དང་། ཝང་ཀྲེའི་བཟའ་ཟླ་ཀྲོའུ་ཐུང་ནི་སུའུ་ཀྲོའུ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་དབུགས་ལམ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་རེད། ཟླ་1ཚེས་28ཉིན་སུའུ་ཀྲོའུ་ཡི་སྨན་བཅོས་རུ་ཁག་ཁག་དང་པོ་དང་མཉམ་དུ་ཝུའུ་ཧན་དུ་རྡོག་ཐོན་བྱས། མིག་སྔར་སུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་དོན་པ་341གིས་ཧུའུ་པེར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་བཞིན་ཡོད།
     ཟླ་2ཚེས་15ཉིན། སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་དུ་བསྐྱོད་པའི་སྨན་དོན་པར་དོ་ཁུར་དང་སྐུལ་ལྕག་བྱེད་པའི་བྱ་ཐབས་བརྒྱད་ལག་བསྟར་བྱས་ཤིང་། དོ་ཁུར་དང་བླངས་དང་། འཚོ་བའི་དངོས་རྫས། བརྩེ་སེམས་མཚོན་པ། ཚོང་ལས་འགན་བཅོལ། བདེ་ཐང་དོ་ཁུར་བཅས་ཀྱི་ཞབས་འདེགས་ཞུ་བ་དང་། ཡུལ་གཞན་དུ་སྨན་བཅོས་འགན་ལེན་དང་། གྲོང་ཁྱེར་གྱི་གུས་ལུགས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་བཅས་ལོངས་སྤྱོད་ཐུབ་པར་བྱས་ཏེ། ཁོང་ཚོའི་སེམས་ཁྲལ་བསལ་བ་མ་ཟད། ཁོང་ཚོ་འཐབ་ས་མདུན་མར་སྐྱོད་པར་སྐུལ་ལྕག་བྱས་པ་དང་སྦྲགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས་པ་རེད།