འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ཀྲུང་གོའི་རིམས་འགོག་ལ་ཤུགས་རྒྱག་རོགས་བྱེད་པའི་གོ་ལ་ཧྲིལ་པོའི་བརྙན་ལམ་སྦྲེལ་མཐུད་ཀྱི་བྱེད་སྒོ་མོ་སི་ཁོར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཚེས་18ཉིན“ཀྲུང་གོ་ཤུགས་རྒྱོབ། ཝུའུ་ཧན་ཤུགས་རྒྱོབ”ཅེས་པའི་གོ་ལ་ཧྲིལ་པོའི་བརྙན་ལམ་སྦྲེལ་མཐུད་བྱེད་སྒོ་མོ་སི་ཁོ་གྲོང་ཁྱེར་དུ་གནས་པའི་ཕུའུ་ལེ་ཧན་ནུའོ་ཧྥུའུ་དཔལ་འབྱོར་སློབ་ཆེན་དུ་སྤེལ་ཡོད། བྱེད་སྒོའི་ནང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་90ལྷག་ཙམ་གྱི་དམངས་ཚོགས་ཆིག་སྟོང་ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ཁོང་ཚོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་མཁན་ཀྲུང་གོའི་མི་དམངས་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་ལུགས་མཚོན་པར་བྱས།