འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ཀྲུང་གོའི་སྐམ་ས་ཆེ་མོའི་མཐོ་སློབ་ཐའེ་ཝུའུ་ཧྲི་མཐོ་རིམ་སློབ་གསོའི་གསར་དར་དཔལ་འབྱོར་
དངོས་ཚན་སློབ་ཆེན་གྱི་མིང་གྲལ་དུ་སླར་ཡང་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གསར་དུ་ཐོན་པའི་2020ལོའི་ཐའེ་ཝུའུ་ཧྲི་མཐོ་རིམ་སློབ་གསོའི་གསར་དར་དཔལ་འབྱོར་དངོས་ཚན་སློབ་ཆེན་གྱི་མིང་གྲལ་ནང་། ཀྲུང་གོའི་སྐམ་ས་ཆེ་མོའི་མཐོ་སློབ་ཀྱིས་ལོ་གསུམ་བསྟུད་མར་མདུན་གྲལ་བཅུའི་ནང་གི་མིང་གྲལ་བདུན་བཟུང་ཡོད། དེའི་ནང་ཆིང་ཧྭ་སློབ་ཆེན་གྱིས་བསྟུད་མར་ཨང་དང་པོ་བླངས་པ་དང་པེ་ཅིང་སློབ་ཆེན་ཨང་གཉིས་པར་སླེབས་ཡོད།
     གཞན་ཡང་། ཀྲེ་ཅང་སློབ་ཆེན་དང་ཀྲུང་གོ་ཚན་རྩལ་སློབ་ཆེན་གཉིས་འདི་ལོ་ཨང་གསུམ་པ་དང་བཞི་པར་སླེབས་པ་དང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ན་ནིང་གི་ཨང་བརྒྱད་པ་ནས་ཨང་དྲུག་པར་འཕར་ཡོད། ཧྥུའུ་ཏན་སློབ་ཆེན་དང་ནན་ཅིང་སློབ་ཆེན་ཨང་བདུན་པ་དང་ཨང་དགུ་པ་སོ་སོར་སླེབས་པ་དང་། ཀྲུང་གོའི་ཐའེ་དབན་ས་ཁུལ་གྱི་ཐའེ་དབན་སློབ་ཆེན་ཨང་བརྒྱད་པར་སླེབས་ཡོད།
     མདུན་གྲལ་བཅུའི་གྲས་སུ་སླེབས་པའི་ནང་ད་དུང་ཨུ་རུ་སུའི་རྒྱལ་བཙུགས་མོ་སི་ཁོ་སློབ་ཆེན་དང་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་སློབ་ཆེན་གཉིས་ཚུད་ཡོད་པ་དང་། དེ་གཉིས་ཨང་ལྔ་པ་དང་བཅུ་པ་སོ་སོར་སླེབས་ཡོད་པ་རེད།
     འདི་ལོ་རྒྱལ་ཁབ་དང་ས་ཁུལ་ཁྱོན་47གྱི་སློབ་ཆེན་533མིང་གྲལ་ནང་ཚུད་ཡོད་པ་དང་ཀྲུང་གོའི་སྐམ་ས་ཆེ་མོའི་མཐོ་སློབ་81མིང་གྲལ་ནང་ཚུད་པས་མིང་གྲལ་ནང་ཚུད་པའི་མཐོ་སློབ་གྲངས་འབོར་གྱི་ཨང་དང་པོར་སླེབས་ཡོད། རྒྱ་གར་གྱི་མཐོ་སློབ་56ཚུད་པས་ཨང་གཉིས་པར་སླེབས་པ་དང་པར་ཙིར་གྱི་མཐོ་སློབ་46ཚུད་པས་ཨང་གསུམ་པར་སླེབས་ཡོད།
     མདུན་གྱི་མིང་གྲལ་100ཡི་སློབ་ཆེན་ནང་ཀྲུང་གོའི་སྐམ་ས་ཆེ་མོའི་མཐོ་སློབ་30ཚུད་ཡོད།