འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཡུན་ནན་བོད་ཁུལ་གྱིས་ཧུའུ་པེར་ས་མཐོའི་སྔོ་ཚལ་ཏུན་100རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན་གསར་འགོད་པས་ཀྲུང་གུང་སེམས་ཀྱི་ཉི་ཟླ་གྲོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཧུའུ་པེར་ས་མཐོའི་སྔོ་ཚལ་ཏུན་100རོགས་སྐྱོར་བྱས་པ་དང་། ལྗིད་སྐྱེལ་རླངས་འཁོར་5ནས་སྤྱི་ལེ་2300ལྷག་ཙམ་གྱི་ལམ་ཐག་རིང་པོ་བརྒྱུད་ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་ཐུང་ཧྲན་རྫོང་དུ་བདེ་བླག་ངང་འབྱོར་བ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ས་གནས་དེ་གའི་སྔོ་ཚལ་འདེབས་འཛུགས་ཁེ་ལས་ནས་སྔོ་ཚལ་ཏུན་70དང་ཙོང་ཏུན་30ཉོ་སྒྲུབ་བྱས་པ་དང་། ཁྱོན་ས་མཐོའི་སྤྱི་གནོད་མེད་པའི་སྔོ་ཚལ་ཏུན་100ཧུའུ་པེ་རུ་རོགས་སྐྱོར་བྱས་ཤིང་། སྔོ་ཚལ་དེ་དག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཅིན་ཅང་གྲོང་རྡལ་དང་ཧྲང་ཅང་ཤང་གི་ཏང་ཡོན་300ཙམ་དང་དམངས་ཚོགས་ཀྱིས་རིན་པ་མི་དགོས་པར་འཐུ་བ་དང་། ཐུམ་སྒྲིལ། རླངས་འཁོར་ནང་འཇོག་པ་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་དུག་སེལ་ནན་པོ་བྱས་པ་རེད།