འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎མི་290རིམས་ནད་ཉེས་གསོག་དང་འབྲེལ་བ་ཡོད་པས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་གཏུག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་དཔྱོད་འགན་ནུས་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་བདའ་འདེད་ནན་པོ་བཏང་བ་དང་ཆད་པ་ནན་པོ་བཅད་ཡོད། ཟླ་2ཚེས་18ཉིན་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་ཉེས་དོན་ཉེས་གསོག་དང་འབྲེལ་བ་ཡོད་པའི་གྱོད་གཞི་2692ཀྱི་མི་3722ལ་མྱུལ་ཞིབ་བྱེད་པར་ཞུགས་པ་དང་དཔང་རྟགས་ལེན་པར་ཁྲིད་སྟོན་བྱས་པ་དང་། གྱོད་གཞི་603གྱི་མི་729འཛིན་བཟུང་བྱས་པར་ཞིབ་བཤེར་དང་བདག་སྤྲོད་བྱས། གྱོད་གཞི་498ཀྱི་མི་598འཛིན་བཟུང་བྱས་འཐུས་ཀྱི་ཞིབ་བཤེར་ཆོག་མཆན་སྤྲད། གྱོད་གཞི་323གྱི་མི་409ལ་ཞིབ་བཤེར་ཁྲིམས་སྦྱོར་བདག་སྤྲོད་བྱས་པ་དང་། གྱོད་གཞི་238ཀྱི་མི་290ལ་ཞིབ་བཤེར་ཁྲིམས་སྦྱོར་བྱས་ཡོད། 
     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཐོན་ཚུན་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་དཔྱོད་འགན་ནུས་སྒྲུབ་པ་དང་། སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་བཀག་འགོག་བྱེད་པ་དང་། དྲག་ཤུགས་ཀྱིས་སྨན་པར་རྨས་སྐྱོན་གཏོང་བ། རྫུན་བཟོ་རྫུན་འཚོང་བྱེད་པ། དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་བདའ་འདེད་ནན་པོ་བཏང་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་བཀག་འགོག་བྱས་ནས་ཏོག་གསར་ནད་དུག་འགོ་མཆེད་བྱེད་རིགས་ཀྱི་ཉེས་གསོག(ཉེན་ཁ་ཆེ་བའི་བྱེད་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་དང་། ལས་འཛོལ་བྱུང་ནས་ཉེན་ཁ་ཆེ་བའི་བྱེད་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་ཉེས་གསོག་བཅས་ཚུད་པ)གྱོད་གཞི་219དང་མི་272 གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་ཉེས་གསོག་གྱོད་གཞི་485དང་མི་628 བསྙད་རྐོ་ཟིང་སློང་གི་ཉེས་གསོག་གྱོད་གཞི་155དང་མི་199 བསམ་བཞིན་དུ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་14དང་མི་15 རྫུན་བཟོ་རྫུན་འཚོང་རིགས་ཀྱི་ཉེས་གསོག(ཐོན་རྫས་རྫུས་མ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ཉེས་གསོག་དང་། སྨན་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ཉེས་གསོག སྨན་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ཉེས་གསོག ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ཉེས་གསོག ཐོ་བཀོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཕྱིར་འཚོང་བྱས་པའི་ཉེས་གསོག་བཅས་ཚུད་པ)གྱོད་གཞི་478མི་1030 ཁྲིམས་འགལ་གྱིས་གཉེར་སྐྱོང་བྱས་པའི་ཉེས་གསོག(རིན་གོང་ཧམ་སྤར་བྱས་པའི་ཉེས་གསོག)གྱོད་གཞི65དང་མི་104 ཁ་བསླུས་བརྒྱབ་པའི་ཉེས་གསོག་གྱོད་གཞི1165དང་མི་1260 ཆ་འཕྲིན་རྫུས་མ་བཟོ་བ་དང་བསམ་བཞིན་དུ་བརྒྱུད་བསྒྲགས་བྱས་པའི་ཉེས་གསོག་གྱོད་གཞི་22དང་མི་22 བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་རྐྱེན་བཟོས་རིགས་ཀྱི་ཉེས་གསོག(ཁྲིམས་འགལ་ངང་རྩ་ཆེའི་རིགས་དང་སྟོངས་ལ་ཉེ་བའི་རིགས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་རྒྱག་པ་དང་གསོད་པའི་ཉེས་གསོག རྩ་ཆེའི་རིགས་དང་སྟོངས་ལ་ཉེ་བའི་རིགས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩ་ཆེའི་རིགས་དང་སྟོངས་ལ་ཉེ་བའི་རིགས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་ཉེས་གསོག ཁྲིམས་འགལ་ངང་རྔོན་རྒྱག་པའི་ཉེས་གསོག བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐོན་ཁུངས་རིགས་ཀྱི་ཁྲིམས་འགལ་གཉེར་སྐྱོང་ཉེས་གསོག་བཅས་ཚུད་པ)གྱོད་གཞི་207དང་མི་298 རིམས་ནད་དང་འབྲེལ་བ་ཡོད་པའི་ཉེས་གསོག་གཞན་དག་གི་གྱོད་གཞི་117མི་178བཅས་ལ་ཞིབ་བཤེར་བྱེད་པར་ཞུགས་པ་དང་སྒྲུབ་གཉེར་བྱས་ཡོད་པ་རེད།