འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཉིང་ཁྲིའི་མང་ཚོགས་ཀྱིས་བཟོས་པའི“རིམས་འགོག”ལག་བྲིས་ཚགས་པར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཉིང་ཁྲིའི་མང་ཚོགས་ཀྱིས་བཟོས་པའི“རིམས་འགོག”ལག་བྲིས་ཚགས་པར།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྔར་བས་དྲིལ་བསྒྲགས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ཤང་ཡུག་འབྲེལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་བྲིས་དྲིལ་བསྒྲགས་རི་མོ་ཁག་གཅིག་བཏོན་ནས། གོ་བདེ་ཤེས་སླའི་བྱ་ཐབས་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་པར་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རི་མོ་དེ་དག་ནི་གནས་ཡུལ་ཤང་ཚེ་ཀྲའོ་གྲོང་ཚོའི་གྲོང་མི་ཟླ་བས་ས་གནས་དེ་གའི་ལྷོ་པ་མི་རིགས་ཀྱི་རི་མོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གསར་རྩོམ་བྱས་པ་ཞིག་ཡིན་པ་དང་། ནང་དོན་གཙོ་བོ་ནི་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་དང་། འཛེམ་བྱ་ཁག་དང་ལས་ཀའི་བླང་བྱ་སོགས་ཚུད་ཡོད་པས། སྔོན་འགོག་ཚོད་འཛིན་ཐད་ཀྱི་དྲིལ་བསྒྲགས་བྱ་ཐབས་ཕུན་སུམ་ཚོགས་སུ་ཤུགས་ཆེན་ཕྱིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཐེབས་པ། མང་ཚོགས་མི་སྒེར་གྱི་རྒྱུན་གཏན་འགོག་སྲུང་ནུས་པ་ཆེ་རུ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་སྒྲིག་འཛུགས་དང་མང་ཚོགས་ཀྱི་རྨང་གཞི་བཏིང་ཡོད་པ་རེད།
【1】  【2】
༄༅༎ཉིང་ཁྲིའི་མང་ཚོགས་ཀྱིས་བཟོས་པའི“རིམས་འགོག”ལག་བྲིས་ཚགས་པར།