འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་མཐུན་ཞུས་ཧུའེ་དང་། ཧོང་ཧོ་ཡན། ཅང་ནཱ་བཅས་ལ་
རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་མཚན་སྙན་རྗེས་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྔོན་ཐོན་ལ་གཟེངས་བསྟོད་དང་ངར་ཤུགས་འཕེལ་བ། རྒྱ་ཆེའི་བུད་མེད་ཚོས་གདེང་ཚོད་བརྟན་པོ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་འབད་འཐབ། དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་པར་མཐུན་སྒྲིལ་དང་ཁྲིད་སྟོན་བཅས་བྱ་ཆེད། ཉིན་ཤས་གོང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་མཐུན་ཞུས་ཧུའེ་དང་། ཧོང་ཧོ་ཡན། ཅང་ནཱ་བཅས་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
     གཏན་འབེབས་ནང་བསྟན་དོན། བློ་མཐུན་ཞུས་ཧུའེ་དང་། ཧོང་ཧོ་ཡན། ཅང་ནཱ་གསུམ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གྲངས་ལས་འདས་པའི་ཕུལ་བྱུང་བུད་མེད་ཚོའི་མཚོན་བྱེད་ཡིན། ཁོང་ཚོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་ལས་འགན་གཙང་སྒྲུབ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་། དཀའ་ངལ་ལ་མི་སྐྲག་པ་དང་སྒེར་སེམས་མེད་པའི་ངང་ལེགས་སྐྱེས་འབུལ་བ། མི་སྒེར་གྱི་ཉེན་ཁར་མི་འཛེམ་པ། རྒྱུན་མཐུད་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ། ཚེ་སྲོག་ལ་བརྟེན་ནས་ཏང་ཞུགས་དམ་བཅའ་ལག་ལེན་བསྟར་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གསལ་འགྲེལ་དང་ལག་ལེན་བསྟར་བ་བཅས་བྱས་པས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་ཡིན་པ་རེད།