འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎བོད་ལྗོངས་གཞིས་རྩེས་ཚགས་ཤ་ཏུན་50ཧུའུ་པེར་བསྐུར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་བོད་ལྗོངས་ཀྱིས་ཧུའུ་པེར་བསྐུར་བའི་གཅེས་སེམས་མཚོན་པའི་ཚགས་ཤ་ཏུན་50གཞིས་རྩེའི་མེ་འཁོར་འབབ་ཚུགས་ནས་ཐོན་པ་དང་ཟླ་2ཚེས་21ཉིན་ཧུའུ་པེར་འབྱོར་གྱི་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཚགས་ཤ་ཏུན་50དེ་དག་ཚང་མ་གཞིས་རྩེ་ནས་ཐོན་པ་དང་ནད་ཡམས་བརྟག་ཞིབ་ནན་པོ་བྱས་ཡོད་པ་རེད།
     རོགས་སྐྱོར་དངོས་ཟོག་དེ་དག་ཐོན་སྐྱེད་ཀྱི་འགན་འཁུར་མཁན་གཞིས་རྩེའི་པེ་ཡེ་ཁྲེང་ཞིང་ལས་ཉོ་ཚོང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོས་རང་འགན་ལེགས་སྒྲུབ་ཀྱིས་ཤ་གཏུབ་པ་ནས་ཐུམ་རྒྱག་པ་དང་དེ་ནས་རླངས་འཁོར་ནང་བླུགས་པ་སོགས་བཟོ་པ་40ལྷག་ཙམ་གྱིས་ཆུ་ཚོད་40ལྷག་ཙམ་རྒྱུན་མཐུད་ངང་ལས་ཀ་བྱས་ཡོད་པ་རེད། ཞལ་འདེབས་དངོས་ཟོག་གང་མགྱོགས་ཧུའུ་པེར་འབྱོར་ཆེད། གཞིས་རྩེའི་མེ་འཁོར་འབབ་ཚུགས་ཀྱིས་ལྗང་མདོག་སྐྱེལ་འདྲེན་བགྲོད་ལམ་བཏོད་པ་དང་དབོར་འདྲེན་རླངས་འཁོར་6དང་ངལ་ནུས་20ལྷག་ཙམ་སྒྲིག་འཛུགས་བྱས་ཡོད་པ་རེད།
     མཱ་ཀུའེ་ཆིང་ནི་ཀུང་སིའི་གྲངས་མཛོད་དོ་དམ་པ་ཞིག་ཡིན་པ་དང་ཀུང་སིའི་བཀོད་སྒྲིག་གཞིར་བཟུང་། ཉེ་དུས་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་འཁྱགས་ཤ་གཏུབ་བཞིན་ཡོད་པ་རེད། ལས་ཀ་དཀའ་ལས་ཁག་ཙམ་ཡོད་རུང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ནུས་ཤུགས་འདོན་ཐུབ་པས་རང་ཉིད་ཀྱི་དཀའ་སྤྱད་ལས་ལ་དོན་སྙིང་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ང་ཚོའི་ཀུང་སིས་ཤ་དེ་དག་དུས་ཐོག་ཏུ་ཧུའུ་པེར་སྐྱེལ་ཐུབ་ཆེད། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ཚེས་13ཉིན་ནས་བཟུང་ལས་དུས་འཕར་མ་བྱས་ཏེ་ཞལ་འདེབས་འབུལ་རྒྱུའི་དངོས་ཟོག་གྲ་སྒྲིག་བྱས་པ་དང་། ཝུའུ་ཧན་མི་དམངས་དང་རྒྱལ་ཡོངས་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ནུས་ཤུགས་འདོན་ཐུབ་པ་བྱུང་བས་གཟི་བརྗིད་ཚོར་ཐུབ་ཀྱི་འདུག”ཅེས་བཤད།