འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎མཚོ་སྔོན་མདོ་ལ་རྫོང་གི་རིམས་འགོག་གནད་ལ་འཁེལ་ཞིང་ལས་འགོ་བསྐྱར་འཛུགས་གོ་རིམ་ལྡན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་བྱེད་བཞིན་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་དམ་འཛིན་བྱས་ཏེ། མཚོ་སྔོན་མདོ་ལ་རྫོང་གིས་ཏོག་གསར་གློ་ཚད་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་6བཙུགས་པའི་རྨང་གཞིའི་ཐོག ཁོངས་མིའི་ཚན་པ་25ལས་གྲུབ་པའི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཚོགས་ཆུང་མང་དུ་བཏང་སྟེ། ཁེ་ལས་ལ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཀྱི་གྲ་སྒྲིག་ལས་དོན་ལེགས་གྲུབ་བྱེད་པའི་མཛུབ་ཁྲིད་བྱས་ནས། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་ཚད་ལོན་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཡོང་བའི་འགན་ལེན་བྱས་པ་རེད།
     རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ“གཉིས་ཀར་དམ་འཛིན་བྱེད་པ་དང་། གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་པ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་ཏན་ཏིག་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཚོགས་ཆུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་དུས་མཚུངས། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“བྱ་ཐབས་ཁག་བརྒྱད”དང“བྱེད་མི་ཆོག་པ་བཞིའི”བླང་བྱ་གཞིར་བཟུང་། ཁེ་ལས་ཀྱིས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད། ཁེ་ལས་ལ་མཛུབ་ཁྲིད་བྱས་ཏེ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཀྱི་ཞིབ་བཤེར་ཆོག་མཆན་གྱི་ཆ་རྐྱེན་ཁ་གསལ་བཟོ་བ་དང་། ཁེ་ལས་ཀྱིས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་རིང་གི་འབྲེལ་ཡོད་ཞིབ་བཤེར་ཆོག་མཆན་གྱི་འགྲོ་ལུགས་གཉེར་བ། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། མི་སྣ་ལས་གནས་ཐོག་བསྐྱར་ལོག་དང་། སྒྲིག་བཀོད་དང་དངོས་ཟོག་འགན་ལེན། ཨར་རྒྱག་ལས་ཡུལ་དོ་དམ་ཚོད་འཛིན། འཚོ་བའི་ས་ཁོངས་དོ་དམ། ལས་རེས་དང་ལྟ་སྲུང་གི་འཕྲལ་སྡོམ་དོ་དམ་སོགས་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་བྱས་པ། དངུལ་རྩའི་རྒྱབ་སྐྱོར་དང་། ལས་མི་སྤྱོད་པའི་འགན་ལེན། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཕྱོགས་ཁག་གི་ཁེ་ལས་ཀྱི་དགོས་མཁོ་དང་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བཅས་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུཌ་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་པ་རེད།
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་པ་དང་། དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་ཆེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲུ་རིགས་ཀྱི་བདེ་འཇགས་དང་མང་ཚོགས་ཀྱི་འབབ་འཕར་དམིགས་ཚད་ལ་དམིགས་ནས་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་བྱ་ཐབས་མགྱོགས་མྱུར་ངང་སྒྱུར་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། བཟང་སྒྲིག གསར་སྒྲིག་བཅས་བྱེད་པ། ཞིང་ལས་གཉེར་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། “ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་རིམ་སྤོར་བྱེད་པ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་བ། ཞིང་ལས་ཀྱི་དངོས་པོའི་སྒྲིག་ཆས་ཀྱི་ཆུ་ཚད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་འབབ་ལེགས་པོ་ཡོང་བ་དང་མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལ་རྫོང་གི་འདི་ལོའི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་གཞི་ཁྱོན་ཚོད་རྩིས་བྱས་ན་མུའུ་ཁྲི་4.16(འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་1.95དང་། པད་ཁའི་སྐྱེ་དངོས་མུའུ་ཁྲི་1.57 སྐྱེ་དངོས་གཞན་དག་མུའུ་ཁྲི་0.67བཅས་ཡིན་པ)ཟིན་པ་དང་དཔྱིད་རྨོད་རྨོད་གྲབས་ཀྱི་ཡིད་རྟོན་དངུལ་བུན་སྒོར་ཁྲི་6000གྲབས་གསོག་བྱས་ཡོད་པ་རེད།