འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཝུའུ་ཧན་གྱིས་ལེབ་བཤེར་རྣམ་པའི་གྲལ་བཤེར་ཆེན་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་2ཚེས་17ནས་19ཉིན་བར། ཝུའུ་ཧན་གྲོང་ཁྱེར་གྱིས་དུས་ཡུན་ཉིན་3གྱི་ལེབ་བཤེར་རྣམ་པའི་གྲལ་བཤེར་ཆེན་པོ་བྱས་པ་དང“བརྒྱ་ཆ་བརྒྱ”ལྔ་ཡི་ལས་ཀའི་དམིགས་ཚད་དོན་འཁྱོལ་བྱས་ཏེ་རིམས་ནད་མཆེད་རྒྱུ་ཚོད་འཛིན་མཐའ་གཅིག་ཏུ་བྱས་པ་རེད།
     “བརྒྱ་ཆ་བརྒྱ”ལྔ་ཡི་བྱེད་ཐབས་ནི“ནད་དཔེ་གཏན་འཁེལ་བྱུང་བ་སྨན་ཁང་དུ་ཉར་དགོས་རིགས་ཚང་མ་ཉར་བ་དང་། དོགས་ཡོད་ནད་དཔེ་ཚང་མར་ཉིང་སྐྱུར་བརྟག་བཤེར་བྱེད་པ། ཚ་རྒྱས་ནད་པ་ཚང་མར་ཞིབ་དཔྱད་བྱེད་པ། འབྲེལ་བ་དམ་ཟབ་བྱེད་མྱོང་ཡོད་པ་ཚང་མ་ལོགས་སུ་འཇོག་པ། ཁུལ་ཆུང་དང་གྲོང་ཚོ་ཚང་མར་ཉིན་མཚན་དབྱེར་མེད་ངང་བཀག་སྡོམ་དོ་དམ་བྱེད་པ”བཅས་ཡིན།