འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཕ་ན་མའི་བྱིས་པས་ཀྲུང་གོར་ཤུགས་རྒྱག་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་མ་གཞི་ས་ཐག་རིང་པོ་ཡོད་མོད། འོན་ཀྱང་དམངས་སེམས་གཅིག་མཐུན་ཡིན་པས་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གཅིག་ཏུ་ཕྲུ་གུས་ལག་པ་འགུལ་ནས་རི་མོ་བྲིས་ཏེ་ཀྲུང་གོར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་ལུགས་མཚོན་པར་བྱེད་པ་མ་ཟད། ཐག་རིང་གི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བཟང་པོ་ཡང་མཚོན་པར་བྱས།