འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎སྡེ་ཚན་བདུན་གྱིས་འཛད་སྤྱོད་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་མཐའ་མའི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་འགག་རྩའི་དུས་སྐབས་སུ་སླེབས་པས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། དུད་ཚང་དབུལ་པོའི་འབབ་འཕར་ཐབས་ལམ་བརྟན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས་ངེས་རེད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ། ཞིང་ལས་གྲོང་གསེབ་པུའུ། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས《འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》ཡོངས་བསྒྲགས་བྱས་པ་དེ་ནི་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས་དུད་ཚང་དབུལ་པོའི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་བ་དང་དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་དབུལ་སྐྱོར་ཐོན་རྫས་ཀྱི་ཕྱིར་ཚོང་བརྟན་པོར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”དང་འབྲུ་རིགས་མཁོ་སྤྲོད་ནུས་ལྡན་དང་ས་ཁུལ་དབུལ་པོའི་དབུལ་སྐྱོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་གྲོང་མིའི་ཆེ་རུ་འགྲོ་བའི་དགོས་མཁོ་སྐོང་བ་དང་མང་ཚོགས་དབུལ་པོར་རྒྱུན་མཐུད་འབབ་འཕར་ཡོང་རོགས་བྱས་ཏེ་སྤྱི་ཚོགས་དབུལ་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་གཏོད་དགོས་པ་དེ་ཡིན།
     《བརྡ་ཐོའི》ནང་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་འབབ་འཕར་དབུལ་སྒྲོལ་གྱི་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”དང་འབྲུ་རིགས་ཀྱི་གནད་དོན་ཐག་གཅོད་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དབུལ་སྐྱོར་ཐོན་རྫས་ཀྱི་ཟོག་ཁུངས་སྒྲིག་འཛུགས་ཡག་པོ་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་ཏེ་ཤར་རྒྱུད་ས་ཁུལ་དང་གྲོང་ཁྱེར་ཆེ་འབྲིང་གི་གྲོང་མིའི་སྤུས་ལེགས་བདེ་འཇགས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱེད་དགོས། དེ་དང་ཆབས་ཅིག་སྲིད་གཞུང་གི་ཁྲིད་སྟོན་དང་སྐུལ་ལྕག་ཁྲོམ་རའི་ལམ་སྲོལ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང“སྲིད་གཞུང་གི་སྣེ་ཁྲིད་དང་། ཁྲོམ་རའི་འཁོར་སྐྱོད། སྤྱི་ཚོགས་ཞུགས་པ”བཅས་མཐའ་འཁྱོངས་བྱས་ནས་མཉམ་ལས་གཉིས་ཕན་ཡོང་བ་བྱེད་དགོས། ཚོད་ལྟ་བྱ་ཡུལ་གསར་གཏོད་བྱ་རྒྱུ་དེ་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྨང་གཞི་ལྡན་པ་དང་། འཇོན་ཐང་ལྡན་པ། ཁ་དན་ཚིག་གནས་བཅས་ཀྱི་ཁྲོམ་རའི་བྱེད་པོ་དང་འདོད་མོས་ཡོད་པའི་ས་ཁུལ་ལ་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ཀྱི་ཚོད་ལྟ་བྱ་ཡུལ་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ་དབུལ་སྐྱོར་ཐོན་རྫས་ཁྲོམ་རའི་དགོས་མཁོ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
     འཛད་སྤྱོད་དབུལ་སྐྱོར་གྱི་བྱེད་སྟངས་གཙོ་བོའི་ཐད《བརྡ་ཐོའི》ནང་རིམ་ཁག་སྔོན་རྩིས་ཚན་པས་སྔོན་ལ་ཉོ་སྒྲུབ་དང་ཉོ་སྒྲུབ་ཀྱི་ཐོབ་ཆ་སྔོན་འཇོག་གི་བྱེད་སྟངས་བརྒྱུད་དབུལ་སྐྱོར་གྱི་ཐོན་རྫས་ཉོ་རྒྱུར་སྐུལ་ལྕག་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱས་ནས་འཛད་སྤྱོད་དབུལ་སྐྱོར་ཉོ་ཚོང་ཁྲོམ་རའི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བྱས་པའི་ནང་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དབུལ་སྐྱོར་ཐོན་རྫས་ལ་ཕྱིར་ཚོང་གི་ལས་སྟེགས་དང་ཐབས་ལམ་མཁོ་འདོན་བྱེད་པ་དང་། ས་ཁུལ་དབུལ་པོས་དབུལ་སྐྱོར་ཐོན་རྫས་གཏན་འཁེལ་དང་ལྟ་སྡོམ་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་དབུལ་པོ་སྒྲིག་འཛུགས་བྱས་ནས་ཁྲོམ་རར་དགོས་མཁོ་ཡོད་པ་དང་ས་ཁུལ་དེ་རང་ལ་ལེགས་ཆ་ལྡན་པའི་ཁྱད་ལྡན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བ། དབུས་རྒྱུད་ཞིང་ཆེན་གྱིས་ལྗོངས་བབ་ཀྱི་ལེགས་ཆ་སྤྱད་དེ་ས་ཁུལ་དེ་རང་གི་གྲོང་ཁྱེར་དང་ས་ཁུལ་དབུལ་པོའི་དབར་ཡུན་རིང་ལ་བརྟན་པོའི་མཁོ་འཚོང་གི་འབྲེལ་བ་འཛུགས་རྒྱུར་སྒྲིག་འཛུགས་བྱེད་དགོས།