འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཧུའུ་པེའི་ཝུའུ་ཧན་གྱི་རིམས་འགོག་འཐབ་སར་ཏང་དར་དམར་མདངས་བཀྲ

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཧུའུ་པེའི་ཝུའུ་ཧན་གྱི་རིམས་འགོག་འཐབ་སར་ཏང་དར་དམར་མདངས་བཀྲ
     2020ལོའི་ཟླ་2ཚེས་17ཉིན་གྱི་སྔ་དྲོར་དབུས་རྒྱུད་གཡུལ་སའི་སྤྱི་ཁྱབ་སྨན་ཁང་ཝུའུ་ཁྲང་དང་ཧན་ཁའུ་སྨན་ཁང་ཁུལ་དང་དེ་བཞིན་ཝུའུ་ཧན་གྲོང་ཁྱེར་གློ་ནད་ཚན་ཁག་སྨན་ཁང་དང་སྨན་ཁང་བདུན་པ་གཉིས་ལ་རོགས་སྐྱོར་དུ་མངགས་པའི་སྨན་བཅོས་རུ་ཁག་གཉིས་ཀྱི་ནད་ཁང་དུ་ས་ཆ་བཞི་ནས་དུས་གཅིག་ཏུ་བརྙན་ལམ་སྦྲེལ་མཐུད་ཀྱིས་གཡུལ་ས་ནས་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པ་དང་ཏང་ཡོན་རྒན་གྲས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པའི་མཛད་སྒོ་འཚོགས་ཏེ། གཡུལ་ས་ནས་ཏང་ནང་ཞུགས་པའི་བློ་མཐུན་7གྱིས་བརྗིད་ཉམས་ལྡན་པའི་ངང་ལག་ངར་གཡས་པ་བཀྱག་ནས་མཉམ་དུ་དམ་བཅའ་བཞག་སྟེ་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད།