འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཞིང་ལས་གྲོང་གསེབ་པུའུ་ཡིས་ཞིང་ཞོར་ཐོན་ཟོག་དྲ་ཐོག་ཚོང་ཁང་གིས་རིམས་འགོག་ཞིང་ཟོག་ཆེད་ཁུལ་གཏོད་ཆོག་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་ཁུལ་ཁག་གཅིག་ཏུ་ཞིང་ཞོར་ཐོན་ཟོག་བྲིན་ཁ་རྒྱུག་པོ་མེད་པའི་གནད་དོན་ལ་དམིགས་ནས་ཞིང་ལས་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧན་ཅུན་གྱིས་ཚེས་17ཉིན་ས་གནས་ཁག་གིས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ཐོན་ཚོང་འབྲེལ་མཐུད་སྒྲིག་འཛུགས་བྱེད་པ་དང་། ཐོན་ཁུལ་གཙོ་བོས་གཙོ་གནད་གྲོང་ཁྱེར་དང་གཙོ་གནད་ས་ཁུལ་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་པོ་དང་ཚོང་གཉེར་བྱེད་པོ་འབྲེལ་མཐུད་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ས་ཁུལ་དབུལ་པོའི་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་ཟོག་སྔོན་ལ་ཉོ་སྒྲུབ་དང་སྡེབ་སྐྱེལ་བྱེད་པ། ལས་རིགས་མཐུན་ཚོགས་ཀྱིས་དུས་ཐོག་ཏུ་འབྲེལ་མཐུད་སྒྲིག་འཛུགས་བྱེད་པ་བཅས་བྱས་ཏེ། ཞིང་ཞོར་ཐོན་ཟོག་གི་དྲ་ཐོག་ཚོང་ཁང་གིས་རིམས་འགོག་ཞིང་ཞོར་ཐོན་ཟོག་ཆེད་ཁུལ་གཏོད་ཆོག་པ་བཟོ་དགོས་ཞེས་བཤད།
     ཧན་ཅུན་གྱིས་ཚེས་17ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་ཟོག་ཐོན་ཚོང་འབྲེལ་མཐུད་ཀྱི་བརྙན་ལམ་བྱེད་སྒོའི་ཐོག་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཉེ་དུས་ས་ཁུལ་ཁག་གཅིག་གི་ཤ་ཚལ་སྒོང་གསུམ་འཁོར་རྒྱུག་ལ་དཀའ་ངལ་འཕྲད་པ་དང་། ས་ཁུལ་ཁག་གཅིག་གི་སྔོ་ཚལ་དང་ཤིང་འབྲས་བྲིན་ཁ་རྒྱུག་པོ་མེད་པ། ས་ཁུལ་ཁག་གཅིག་ཏུ་བྱ་རིགས་སྐྱེལ་འདྲེན་བཀག་འགོག་བྱས་པ། ཁྱིམ་བྱའི་བྱ་ཕྲུག་རྒྱུན་གཏན་ལྟར་མཁོ་འདོན་དང་། སྐྱེལ་འདྲེན་བཤས་གཏོང་། བྲིན་ཚོང་བཅས་ཀྱི་ཐབས་ལམ་འགག་ཡོད་པ་རེད། མིག་སྔར“ཤ་ཚལ་སྒོང་གསུམ”ཐོན་རྫས་འཁོར་རྒྱུག་ཐད་འཕྲད་པའི་གནད་དོན་ནི་དུས་མཚམས་རང་བཞིན་དང་ཁུལ་ཁོངས་རང་བཞིན་ཡིན་ཏེ། དཔེར་ན། ཧའེ་ནན་དང་། ཀོང་ཤིས། ཡུན་ནན། ཧུའུ་པེ་སོགས་ས་ཁུལ་དུ་བྲིན་ཁ་རྒྱུག་པོ་མེད་པ་དང་འཚོང་དཀའ་བའི་གནད་དོན་བལྟོས་བཅས་མངོན་གསལ་དོད་པོ་ཡོད་པ་རེད་ཅེས་བཤད།
     ཁོང་གིས་ས་གནས་ཁག་གི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་རང་འགུལ་ངང་སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་དབར་གྱི་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་ཐབས་ལམ་ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པ་བྱས་ཏེ་ཞིང་ཟོག་སོས་པའི“ཐོགས་མེད་བགྲོད་ལམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་རིགས་ཚང་མ་ལོངས་སྤྱོད་ཐུབ་པ་བྱས་ནས་སྐྱེལ་འདྲེན་གྱི་རླངས་འཁོར་ཁ་མི་འགོག་པ་དང་། ཞིབ་བཤེར་མི་བྱེད་པ། རིན་པ་མི་བསྡུ་བ་བཅས་བྱེད་དགོས་པ་དང་། སྲིད་ཇུས་དོན་འཁྱོལ་གནད་འཕིགས་མ་ཐུབ་པའི་གནད་དོན་ལ་ས་ཁུལ་ཁག་གིས་སྙན་སེང་འབྱོར་མ་ཐག་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ས་ཁུལ་ཁག་ལ་ཞིང་ཞོར་ཐོན་ཟོག་གི་ཟོག་འགྲེམས་རོགས་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུའི་སྐུལ་ལྕག་བཏང་ནས་སྐྱེལ་འདྲེན་ཁེ་ལས་སམ་མི་སྒེར་ལ་ཁ་གསབ་རོགས་དངུལ་སྤྲོད་དགོས་ཞེས་བཤད།