འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཆིང་ཏའོ་ནུབ་རྒྱུད་མཚོ་ངོགས་ཀྱི་བཟོ་ལས་གཙོ་བོའི་ཁེ་ལས་བཅུ་ཆ་དགུ་ལས་འགོ་བསྐྱར་དུ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་ཆར་ཧྲན་ཏུང་ཆིང་ཏའོ་ནུབ་རྒྱུད་མཚོ་ངོགས་ཁུལ་གསར་བཟོ་འཕྲིན་སྡེ་ཚན་གྱིས་ལས་འགོ་བསྐྱར་ཚུགས་ཀྱི་གྲ་སྒྲིག་དང་། ལས་བཟོར་དོ་དམ་ཚོད་འཛིན། བཀག་སྡོམ་དོ་དམ། རྒྱུན་གཏན་གྱི་སྔོན་འགོག་ཚོད་འཛིན་བཅས་ཕྱོགས་4ཡི་ཐད་ནས་བཟོ་ལས་ཁེ་ལས་ལ་མཛུབ་ཁྲིད་དང་རོགས་སྐྱོར་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོར་རོགས་རམ་བྱས་ཡོད། མིག་སྔའི་བར་ཁུལ་གསར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་582ལས་འགོ་བསྐྱར་ཚུགས་བྱས་ནས་ལས་འགོ་བསྐྱར་ཚུགས་བྱེད་ཚད་84.6%ཟིན་པའི་ནང་2019ལོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་པའི་གཞི་ཁྱོན་ཡན་གྱི་ཁེ་ལས་གཙོ་བོ་50ཡི་ལས་འགོ་བསྐྱར་ཚུགས་བྱེད་ཚད་96%ཟིན་ཡོད།