འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎བཟོ་འཕྲིན་པུས་གློག་འཕྲིན་ཁེ་ལས་གསུམ་ནས་སློབ་གྲྭ་འབྲིང་ཆུང་ལ་སྤྲིན་ཚོམ་སློབ་ཚན་ཁྱབ་གདལ་
གཏོང་བ་སོགས་ཀྱི་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། བཟོ་འཕྲིན་པུས་དྲ་རྒྱ་ཁྲིད་མེད་པའི་སློབ་གྲྭ་འབྲིང་ཆུང་ལ་དྲ་ཆེན་དྲ་རྒྱ་ཁྱབ་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། སློབ་གྲྭའི་དྲ་རྒྱ་འབྲེལ་མཐུད་ཀྱི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་བ་དང་སྦྲགས། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱིས་སློབ་གྲྭ་འབྲིང་ཆུང་ལ་ཁྱབ་གདལ་བཏང་བའི་རིན་མེད་ངང་མྱུར་ཚད་མགྱོགས་སུ་གཏོང་བ་དང་གྲོན་དངུལ་གཅོག་པ་སོགས་དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་གྲོན་དངུལ་གཅོག་ཐབས་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག་སྤྲིན་ཚོམ་སློབ་ཁང་དང་རིན་མེད་ཐད་གཏོང་སོགས་ཀྱི་ཞབས་འདེགས་སྔར་བས་ཁྱབ་གདལ་བཏང་སྟེ་ས་གནས་ཁག་གི་སློབ་གསོའི་གཙོ་གཉེར་སྡེ་ཚན་གྱིས་ཚོད་ལྟའི་བེད་སྤྱོད་བྱེད་པར་འདེགས་སྐྱོར་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་གློག་འཕྲིན་གྱི་ཐེན་དབྱིས་སྤྲིན་ཚོམ་སློབ་ཁང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་དྲ་ཐོག་གི་སློབ་ཁང་མཁོ་འདོན་བྱེད་པའི་ཞབས་འདེགས་ཞུས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1000ལ་ཞབས་འདེགས་ཞུ་གི་ཡོད་པ་རེད། ཧུའུ་པེ་ཞིང་ཆེན་ལ་ཐོན་ཁུངས་ཕྱོགས་ཤུགས་ཆེ་རུ་གཏོང་བ་དང་ཧོང་ཀང་སློབ་འབྲིང་སོགས་གཙོ་གནད་སློབ་གྲྭ་218ཀྱི་སློབ་མ་ཁྲི་24ལ་སྤྲིན་ཚོམ་སློབ་ཁང་ཤར་གཏོང་བྱས་པ་རེད། པེ་ཅིང་དུ་མིག་སྔར་པེ་ཅིང་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དང་། པེ་ཅིང་སློབ་འབྲིང་བརྒྱད་པ། མི་འཐུས་ཞོར་གཏོགས་སློབ་འབྲིང་གི་ཡན་ལག་སློབ་གྲྭ་སོགས་སློབ་གྲྭ་20ལྷག་ཙམ་གྱིས་ཐེན་དབྱིས་སྤྲིན་ཚོམ་སློབ་ཁང་བརྒྱུད་རིམས་ནད་ཐོན་རིང་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
     ཀྲུང་གོ་སྒུལ་བདེས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་30དང་ས་ཁུལ་དང་གྲོང་ཁྱེར་252ལ“བརྙན་ཤེལ་ཆེ་ཆུང་གཉིས་ནས་ལྟ་བ”དང“ཐད་གཏོང་སློབ་ཁྲིད”ཀྱི་སློབ་སྦྱོང་ཇུས་གཞི་ཁག་གཉིས་མཁོ་འདོན་བྱས་པའི་ནང“ཐད་གཏོང་སློབ་ཁྲིད”ཞིང་ཆེན་30ལ་ཁྱབ་ནས་དགེ་སློབ་ཁྲི་3240ལ་སློབ་ཁྲིད་རོགས་རམ་བྱེད་ཀྱི་ཡོད་པ་རེད།
     བཟོ་འཕྲིན་པུས། གོམ་སྟབས་རྗེས་མར་ཁོངས་གཏོགས་ཀྱི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“སློབ་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པར”རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད།