འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་
བྱེད་པའི་ཐད་གདེང་ཚོད་ཀྱིས་ཁེངས་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་འཐབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ཁོང་གིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཀུ་ཐེ་ལེ་སིས་དེ་ཉིན་ཕ་ཁི་སི་ཐན་ལ་འཚམས་འདྲི་བྱས་པ་དང་ཆབས་ཅིག ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལུའེ་ཤིས་དང་ལྷན་དུ་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུར་ཞུགས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས་ཀུ་ཐེ་ལེ་སིས་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འགྲན་སློང་ཆེན་པོར་ཀྲུང་གོས“སྟོབས་ཆེ་ལ་བག་ཆགས་ཟབ་པའི”ཁ་གཏད་བཅག་ཡོད་ཅེས་བརྗོད་པ་རེད།
     “དེ་ལྟ་བུའི་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་གང་མྱུར་ཐག་གཅོད་བྱེད་ཐབས་རྙེད་དཀའ་བ་ཞིག་རེད”ཅེས་ཀུ་ཐེ་ལེ་སིས་བརྗོད་ཅིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་འབད་འཐབ་ཧུར་ཐག་བྱས་པ་དེས“རིམས་ནད་རིམ་པས་ཉུང་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།