༄༅༎རྟའུ་རྫོང་གི་ཁག་དང་པོའི་འབྲེལ་བ་དམ་ཟབ་བྱེད་མཁན་17ལོགས་བཀར་ལྟ་ཞིབ་མཚམས་བཞག་པ།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 02ཚེས་18ཉིན། 13:59】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་16ཉིན། ཉིན་24ཡི་རིང་གཅིག་སྡུད་ངང་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་ནན་པོ་བྱས་པ་བརྒྱུད། རྟའུ་རྫོང་གི་འབྲེལ་གཏུག་དམ་ཟབ་བྱེད་མཁན་ཁག་དང་པོའི་མི་17གཅིག་སྡུད་ངང་ལོགས་སུ་བཀར་ནས་གསོ་རིག་གི་ལྟ་ཞིབ་མཚམས་བཞག་པ་དང་། དེའི་ནང་ཁག་དང་པོར་ནད་དཔེ་གཏན་འཁེལ་བྱས་པའི་སྨན་དོན་མི་སྣ་གཉིས་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་གཅིག་སྡུད་ངང་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་མཚམས་བཞག་པའི་མི་17ཚང་མ་ཟླ་2ཚེས་25ཉིན་ནད་གཞི་གཏན་འཁེལ་བྱས་པའི་རྒྱལ་ཆེ་གེ་མོ་དང་། ནད་རྟགས་མེད་པའི་ནད་འགོས་པའི་འཇམ་ཆེ་གེ་མོ་གཉིས་དང་འབྲེལ་བ་དམ་ཟབ་བྱས་མྱོང་ཡོད། རྟའུ་རྫོང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་འཕྲལ་སྡོམ་བཀོད་འདོམས་པུས་ཟླ་1ཚེས་24ཉིན་ཁོང་ཚོར་གཅིག་སྡུད་ངང་ལོགས་སུ་བཀར་ནས་ལྟ་ཞིབ་བྱ་ཐབས་སྤྱད་པ་རེད།
ལོགས་སུ་བཀར་མཚམས་འཇོག་དུས། གསོ་རིག་ལྟ་ཞིབ་མཚམས་བཞག་པའི་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་ལུས་སེམས་གཉིས་ཀའི་ཐད་ཀྱི་གནས་ཚུལ་ཡག་པོ་འདུག ཚང་མས་སྨན་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ་རེད། ལོགས་སུ་བཀར་མཚམས་བཞག་མཁན་17གྱིས་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་གྲོས་འགོར་བརྩི་སྲུང་ཞུས་ནས། ཁྱིམ་དུ་ལོག་རྗེས་མུ་མཐུད་ཉིན་14ཡི་ཁྱིམ་སྡོད་ལོགས་དགར་བྱ་རྒྱུ་ཡིན།