འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཀྲུང་དབྱང་གི་གེགས་སེལ་དངོས་པོ་འདོན་སྤྲོད་ཐུབ་པ་དང་། 
བཀོད་སྒྲིག་མགྱོགས་པོ་ཐུབ་པ། སྤྱོད་ཐུབ་པ་བཅས་བྱེད་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་28ཉིན་ཚུན་དུ་འཕྲལ་སྡོམ་དོ་དམ་པུའུ་ཡི་བཀོད་སྒྲིག་བེད་སྤྱོད་ཀྱི་བཀའ་བཀོད་གཞིར་བཟུང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་ཐེངས་6གི་དངོས་ཟོག་ཁྲི་17.85གཙོ་གནད་ས་ཁུལ་དུ་གཏོང་འདྲེན་བྱས་ཡོད། དེའི་ནང་གུར་ཁྲི་3.25དང་། སྲིང་བལ་གྱི་སྟོད་གོས་ཁྲི་6 སྲིང་བལ་ཉལ་ཆས་ཁྲི་5.8 ལྟེབས་ཁྲི་ཁྲི་2.8ཚུད་ཡོད་པ་དེ་དག་ཧུའུ་པེ་དང་། ཀྲེ་ཅང་། ཧོ་ནན། ཅང་ཤིས། ཀུའེ་ཀྲོའུ་སོགས་ཞིང་ཆེན་ལྔའི་མི་སྣ་གཞན་བསྒྱུར་བཀོད་སྒྲིག་དང་། འགྲིམ་འགྲུལ་དོ་དམ་ས་ཚིགས་ཀྱི་སྡོད་བྱའི་མི་སྣ། དོགས་ཡོད་ནད་པའི་ལོགས་འཇོག་ལྟ་ཞིབ། སྨན་ཁང་གི་ནད་ཁྲི་གསར་སྣོན་ཁ་གསབ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཁག་སོ་སོར་རྒྱབ་སྐྱོར་བྱ་རྒྱུར་སྤྱད་ཡོད་པ་རེད།
     རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། འཕྲལ་སྡོམ་དོ་དམ་པུའུ་དང་སྦྲེལ་མཐུད་གང་ལེགས་ཐོག་འགག་རྩའི་དུས་སུ་ཀྲུང་དབྱང་གི་གེགས་སེལ་དངོས་པོ་འདོན་ཐུབ་པ་དང་། བཀོད་སྒྲིག་མགྱོགས་པོ་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཕྱིར་དངོས་པོའི་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་རྒྱབ་སྐྱོར་བྱ་ཆེད། ཟླ་1ཚེས་29ཉིན་དང་ཟླ་2ཚེས་5ཉིན་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཀྲུང་དབྱང་གི་གེགས་སེལ་དངོས་པོ་ཁྲི་13.8གཏོང་འདྲེན་སྒྲིག་འཛུགས་བྱས་པའི་ནང་གུར་ཁྲི་1.8དང་། སྲིང་བལ་གྱི་སྟོད་གོས་ཁྲི་5 སྲིང་བལ་ཉལ་ཆས་ཁྲི་5 ལྟེབས་ཁྲི་ཁྲི་2བཅས་ཚུད་ཡོད་པ་རེད།