འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎ཝུའུ་ཧན་སྨན་དོན་མི་སྣས་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎ཝུའུ་ཧན་སྨན་དོན་མི་སྣས་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པ།
     ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རིམས་ནད་ཐོན་ཁུལ་གྱི་ལྟེ་བར་གནས་པའི་འཐབ་ཁུལ་དབུས་མའི་སྤྱི་ཁྱབ་སྨན་ཁང་གིས་སྐུལ་སློང་བཀའ་རྒྱ་འཕྲལ་དུ་བཏང་སྟེ་སྨན་དོན་མི་སྣ་སྒྲིག་འཛུགས་ཀྱིས་དམག་འཐབ་ནང་ཞུགས་པ་དང་། སྨན་ཁུལ་གཉིས་སུ་ཉིན་མཚན་དབྱེར་མེད་ངང་ནད་གཞི་བརྟག་དཔྱད་བྱས་པ་དང་ཆབས་ཅིག སྨན་བཅོས་རུ་ཁག་གཉིས་སྐོང་འཐེན་བྱས་ཏེ་ཝུའུ་ཧན་གྲོང་ཁྱེར་གློ་ནད་ཚན་ཁག་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་སྨན་ཁང་བདུན་པར་རོགས་སྐྱོར་བྱེད་པར་མངགས་ཡོད། དམག་འཐབ་གལ་ཆེན་དེའི་མདུན་དུ་སྨན་དོན་མི་སྣ་ཡོངས་ཀྱིས་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་བརྒྱབ་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་དམག་དཔུང་གིས་མི་དམངས་ཆེད་ལས་དོན་སྒྲུབ་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཤིང་། འདི་ནི་ཟླ་2ཚེས་15ཉིན་འཐབ་ཁུལ་དབུས་མའི་སྤྱི་ཁྱབ་སྨན་ཁང་འགོ་ནད་ཚན་ཁག་གི་ནད་ཁང་ནང་སྨན་དོན་མི་སྣས་ཉེན་ཚབས་ལྕི་བའི་ནད་པ་མྱུར་སྐྱོབ་བྱེད་བཞིན་པ།