འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎ཧུའུ་པེ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་བརྟག་བཤེར་ཚན་ཁག་གི་ཀྲུའུ་རེན་ལིའུ་ཧྲེ་གོ་ཡིས“ནད་དུག་ལ་
ཁ་གཏད་གཅོག་སྐབས་ང་ཚོ་དཔའ་ཞུམ་མི་སྲིད”ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་2ཚེས་1ཉིན་གྱི་སྔ་དྲོ། མ་དཔེ་སྐྱེལ་མཁན་གྱི་ལས་དོན་མི་སྣ་ཞིག་ལ་གློ་བུར་དུ་ནད་དུག་འགོས། ཧུའུ་པེ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་བརྟག་བཤེར་ཚན་ཁག་གི་ཀྲུའུ་རེན་ལིའུ་ཧྲེ་གོ་རང་ངོ་མས་ཐེ་ཙམ་སྤུ་ཙམ་ཡང་མེད་པར་མ་དཔེ་དབོར་སྐྱེལ་གྱི་ལས་ལ་གཞོལ།
     ནད་པའི་མ་དཔེ་སྐྱེལ་སྐབས་ནད་ཁུལ་ཚང་མ་བརྒྱུད་དགོས་པ་དང་ལྷག་པར་དུ་དབུགས་ལམ་གྱི་ནད་རྟགས་ལྕི་བའི་ནད་ཁུལ་བརྒྱུད་དགོས་པས་ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་ཡོད། “སྤྱིར་བཏང་གི་མ་དཔེ་དང་མི་འདྲ་བའི་ཏོག་གསར་ནད་དུག་དེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པས་ཕྱིར་གྱར་ན་ཡོང་ཐབས་གཏན་ནས་མེད”བརྟག་བཤེར་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཡིན་པའི་ལིའུ་ཧྲེ་གོ་ཡིས་དེའི་གལ་ཆེའི་རང་བཞིན་རྟོགས་ཤིང་། ཁོང་གིས་འགོག་སྲུང་གྱོན་ཆས་གྱོན་པ་དང་མ་དཔེ་འདྲེན་སྒམ་ཁུར་ཏེ་ཐོག་བརྩེགས་དང་པོའི་ཚོད་ལྟ་ཁང་ནས་ཐོག་བརྩེགས་བཅུ་གསུམ་པའི་ཚོད་ལྟ་ཁང་བར་མ་དཔེ་སྐྱེལ་བ་དང་འབྲེལ་མ་དཔེ་བླང་དོར་གྱི་ལས་འགན་ཡང་འཁུར་གྱི་ཡོད།
     ཟླ་1ཚེས་31ཉིན། དུས་ཡུན་ཉིན་གསུམ་རིང་སྒྱུར་འགོད་དང་སྙོམས་སྒྲིག་ཚོད་ལྟ་བྱས་པ་བརྒྱུད། ཧུའུ་པེ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་ཏོག་གསར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་ལིའུ་ཧྲེ་གོའི་རིམས་འགོག་གི“འཐབ་ས་གཙོ་བོར”གྱུར་ཡོད།
     ཉིན་དེའི་ཕྱི་དྲོའི་ཆུ་ཚོད་4དང་ཕྱེད་ཀར་སྔོན་དཔག་གི་ཚོད་ལྟ་ལེགས་གྲུབ་བྱུང་རྗེས། ཉིན་དེར་ནད་དཔེ་80ལྷག་ཙམ་གྱི་ནད་པར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས་པས། ལིའུ་ཧྲེ་གོ་ཡིས་སེམས་ཐག་ཆོད་པོས་མུ་མཐུད་ལས་ཀ་བྱས་ཏེ་འཕྲལ་མར་ནད་པའི་མ་དཔེར་ཞིབ་དཔྱད་ཚད་ལེན་བྱས་པ་རེད།
     “སྤྱིར་བཏང་གི་བརྟག་བཤེར་རྣམ་གྲངས་དང་མི་འདྲ་བར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་སྐབས། ནད་དུག་འགོ་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། དེས་ན་ལག་གཅིག་ཏུ་མ་དཔེ་འཛིན་པ་དང་ལག་གཅིག་གིས་མ་དཔེ་འཛིན་ཆས་འཁྱེར་མ་དཔེ་ལེན་གྱི་ཡོད། ཐག་ཉེ་ཤོས་སྐབས་ལི་སྨི་འགའ་ལས་མེད”ཅེས་ལིའུ་ཧྲེ་གོ་ཡིས་བརྗོད་ཅིང་། ཁོང་གིས་དེས་མ་ཚད། བཀོལ་སྤྱོད་དུས་ཡུན་ཡང་རིང་ཞིང་། རིང་ཤོས་ཤིག་ལ་རླུང་འགྲོ་དམ་པའི་ཚོད་ལྟ་ཁང་དུ་ཆུ་ཚོད་བརྒྱད་དགུ་བསྡད་རྗེས། ཕྱིར་ཐོན་སྐབས་གསོ་རླུང་མི་འདང་བ་དང་མགོ་ཡུ་འཁོར་བའི་གནས་ཚུལ་ཐོན་གྱི་འདུག་ཅེས་བརྗོད།
     ཉེན་ཁ་དེ་འདྲ་ཆེ་བའི་ཁོར་ཡུག་ནང་། ལིའུ་ཧྲེ་གོ་དང་ཁོང་གི་ཚོགས་པས་ཉིན་ལྟར་མ་དཔེ་180ལྷག་ཙམ་ཐག་གཅོད་བྱེད་དགོས་ཀྱི་ཡོད། རིམས་ནད་ཐོན་པའི་ཐོག་མའི་དུས་སུ་མ་དཔེ་མང་བ་ལ་མི་སྣ་ཉུང་ཤས་ལས་མེད་པས། ཉིན་ལྟར་སྔ་དྲོའི་ཆུ་ཚོད་8པ་ནས་སང་ཉིན་གྱི་ཐོ་རེངས་བར་ཞིབ་དཔྱད་ཚད་ལེན་བྱེད་དགོས་ཀྱི་ཡོད། “ཛ་དྲག་ཆེ་ཤོས་ཀྱི་དུས་སུ། ལག་རྩལ་མི་སྣ་གསུམ་རང་ལས་མེད་པའི་གནས་ཚུལ་འོག ཉིན་ལྟར་མ་དཔེ་200ལྷག་ཙམ་ཞིབ་དཔྱད་ཚད་ལེན་བྱེད་དགོས་ཀྱི་འདུག”ཅེས་བརྗོད།
     ནད་དུག་དང་འབྲེལ་འདྲིས་དམ་ཟབ་བྱེད་སྐབས་སྐྲག་སྣང་སྐྱེ་གྱི་འདུག་གམ། “ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་ཡོད་པ་ང་ཚོས་ཤེས་མོད། འོན་ཏེ་ཚན་ཁག་གི་མི་ཚང་མ་སྐྲག་མྱོང་མེད་ལ། འཁང་ར་ཚིག་གཅིག་ཀྱང་ཤོད་མྱོང་མེད”ཅེས་ལིའུ་ཧྲེ་གོ་ཡིས་བརྗོད། ཁོང་གིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་བཀོལ་སྤྱོད་གོ་རིམ་རྙོག་དྲ་ཆེ་བ་དང་ལག་རྩལ་ཐད་དཀའ་ཚེགས་ཆེ་བས། བརྒྱུད་རིམ་ཧྲིལ་པོར་བློ་རྩེ་གཅིག་སྒྲིམ་བྱེད་དགོས་སྟབས་སྐྲག་སྣང་བྱེད་ཁོམ་མི་འདུག་ཅེས་བརྗོད།
     རླུང་འགྲོ་དམ་པའི་ཁང་པའི་ནང་ཡུན་རིང་སྡོད་རིང་། ཚ་བ་ཆེ་བའི་དབང་གིས་ལག་རྩལ་མི་སྣ་མི་ཉུང་བ་ཞིག་ལ་གྲང་འབྲུམ་སྐྱེས་ཡོད། ཚོད་ལྟ་ཁང་ནས་ཐོན་རྗེས་ལིའུ་ཧྲེ་གོ་དང་ལས་རོགས་ཁ་ཤས་ཀྱི་གཟུགས་པོ་ཡོངས་རྔུལ་ཆུས་འཚོས། ངོ་གདོང་དུ་ཁ་རས་བརྒྱབ་ཤུལ་དང་སྨུག་ཐིག་ཆགས་ཡོད། འོན་ཀྱང་ཚང་མས་ཀུ་རེ་རེ་གཉིས་བཤད་ནས་མུ་མཐུད་སང་ཉིན་གྱི་མ་དཔེ་གསར་པ་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་ལས་དོན་སྟ་གོན་བྱེད་བཞིན་ཡོད།
     “དཀའ་ལས་ཁག་པོ་ཡོད་ཀྱང་དཔའ་ཞུམ་རྒྱུ་མེད། ཚང་མས་ཕྱར་བ་གྲུ་འདེགས་བྱས་ཚེ། མཐར་རིམས་ནད་སྨན་བཅོས་ཐུབ་སྟེ། ང་ཚོར་རྒྱལ་ཁ་ཐོབ་ངེས་ཡིན”ཞེས་ལིའུ་ཧྲེ་གོ་ཡིས་བརྗོད།