འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་18ཉིན།

༄༅༎ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་
དང་བརྟན་ལྷིང་སྣོད་བཅུད་བཅས་ལ་དམ་འཛིན་བྱེད་པ།

—— བོད་ཀྱི་སྐྲུན་བཞིན་པའི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཆེ་ཤོས་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་དུ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     “རྩ་འཛུགས་ཀྱི་འགོ་ཁྲིད་ནུས་ལྡན་དང་། ཇུས་གཞིའི་བྱེད་ཐབས་འོས་འཚམ། བརྒྱུད་རིམ་གྱི་དོ་དམ་ཚོད་འཛིན་ཞིབ་ཕྲ་ཡོད་པ” ཟླ་2ཚེས་11ཉིན་གྱི་ཕྱི་དྲོ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་འབྲེལ་ཡོད་ཚོགས་འདུ་འཚོགས་ནས། ཧྭ་གློག་ཁོངས་གཏོཌ་ཀྱི་རྟའུ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད།
     རྟའུ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་དེ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་ཡོད་པ་དང་། ཇུས་འགོད་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆུ་ཚོད་ཆན་ཝ་ཁྲི་66དང་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་32ཟིན་ཞིང་། ལས་གྲྭར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་122.2བཏང་བ་དེ་ནི་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་གལ་ཆེན་ཞིག་རེད་ལ། མིག་སྔར་བོད་དུ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་མཁོའི་ཆུ་ཤུགས་གློག་ཁང་ཞིག་ཀྱང་རེད།
     ཉེ་ཆར། རི་ཁུག་ཏུ་གནས་པའི་ཨར་ལས་བྱ་ཡུལ་ནས་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་པ་དང་། ཆུ་ཤུགས་གློག་ཁང་ཆེན་པོ་དེའི་གཞི་ཁྱོན་རགས་ཙམ་ཆགས་ཡོད། “དཔྱིད་གསར་དུས་ཆེན་རིང་། ལས་ཡུལ་དུ་ལས་མི་འགའ་ཞིག་ལས་རེས་སུ་བསྡད་པ་དང་། མིག་སྔར་ལས་འགོ་བསྐྱར་ཚུགས་བདེ་བླག་བྱུང་ནས་ལས་ཡུལ་དངོས་ཀྱི་ལས་རེས་དང་ཨར་ལས་མི་སྣ་290ཙམ་ཟིན་གྱི་ཡོད། ལས་གྲྭ་དེར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་56བཏང་བ་དང་ལས་གྲྭ་གཙོ་བོའི་51%ལེགས་སྒྲུབ་ཟིན་ཡོད”ཅེས་ལས་གྲྭའི་འགན་འཁུར་བས་ངོ་སྤྲོད་བྱས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད། ཁོང་ཚོས་ལས་སྒོ་གཙོ་བོ་དང་། ཇུས་འགོད། ཨར་ལས། ལྟ་འདོམས། ས་གནས་བཅས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་ཏང་འཛུགས་སྐྱོང་གི་མཉམ་སྐྲུན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་དང་། རྣམ་གྲངས་ཀུང་སིའི་ཏང་ཨུད་ཀྱིས་ཉིན་ལྟར་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་སྒྲིག་འཛུགས་བྱས་ཏེ། མཐུན་སྦྱོར་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་ཀྱི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པ། ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་ཀྱི་ལས་དོན་ཁྲོད་འགག་སྒྲོལ་དང་གདོང་ལེན་གྱི་ནུས་པ་འདོན་སྤེལ་བྱེད་པ། ཉེ་ཆར་བོད་དུ་ལོག་མཁན་གྱི་ལས་མི་མང་བ་དང་ལྷོ་ཁའི་མགྲོན་ཁང་དུ་ལོགས་སུ་འཇོག་པའི་གནས་ཚུལ་དངོས་ལ་དམིགས་ནས། ལྷོ་ཁའི་ལོགས་འཇོག་ཁུལ་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ། ལོགས་འཇོག་གི་བྱེད་ཐབས་དོན་འཁྱོལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྒྲོག་འགྲེལ། བསམ་བློ་གཏོང་སྟངས་ལེགས་གཏོང་། དཀའ་ངལ་དངོས་སེལ་བ་སོགས་ལ་ཀྲི་པུའི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད།
     རྟའུ་ཆུ་ཤུཌ་གློག་ཁང་གིས་2021ལོའི་ལོ་སྟོད་དུ་འཕྲུལ་ཚན་ཐོག་མ་ཐོན་སྐྱེད་བྱས་ནས་གློག་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་ཕྱག་རྟཌ་འབུལ་བ་དང་ལས་གྲྭའི་འཕེལ་རིམ་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད། མིག་སྔར་ལས་མི་800ལྷག་ཙམ་གང་མགྱོགས་ལས་གནས་ལ་ལོག་དགོས་པ་དང་ལས་གྲྭའི་དངོས་ཟོག་འབོར་ཆེན་གང་མགྱོགས་སྐྱེལ་འདྲེན་བྱེད་དགོས་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་མི་གང་མགྱོཌ་བོད་དུ་ཡོང་བ་དང་ཚད་ལྡན་ངང་ལོགས་འཇོག་ལྟ་ཉར་བྱེད་རྒྱུར་ཞབས་འདེགས་ཞུས་ནས། གང་མགྱོགས་སྒྲིག་ཆས་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་རྒྱབ་སྐྱོར་གྱིས་ལས་ཡུན་ནར་འགྱངས་མི་འགྲོ་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།