འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་17ཉིན།

༄༅༎ཡུན་ནན་དུ་སྤྱི་དམངས་སྤྱི་པའི་འདུ་གནས་སུ་འགྲོ་འོང་བྱེད་སྐབས་ངེས་པར་དུ་ཨང་རྟགས་བཤེར་དགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་17ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་2ཚེས་12ཉིན་ནས་བཟུང་ཡུན་ནན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཀྱི་སྤྱི་པའི་འདུ་གནས་སུ“ཡུན་ནན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད”ཅེས་པའི་ཨང་རྟགས་བཤེར་བའི་བྱ་སྤྱོད་སྤེལ་ཏེ། སྤྱི་པའི་འདུ་གནས་ཚང་མར་ཨང་རྟགས་བཤེར་ཏེ་འགྲོ་འོང་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཡོད། རིགས་གཅིག་མཁས་ཅན་གྱིས། དེ་ལྟར་བྱས་ཚེ་གྲངས་གཞི་ཆེན་པོ་བརྒྱུད་ནས་མི་དེས་སྤྱི་པའི་འདུ་གནས་སུ་ག་རེ་བྱས་མིན་ཟིན་ཐོར་འཁོད་དེ་ཐོན་སྲིད་པའི་རིམས་ནད་ལ་ཁུངས་འདེད་དང་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཅེས་ངོ་སྤྲོད་བྱས།