འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་17ཉིན།

༄༅༎རང་འགུལ་ངང་དམག་འཐབ་ལ་ཞུགས་ཏེ་འཐབ་ས་དང་པོ་བརྟན་སྲུང་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་16ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རང་འགུལ་ངང་དམག་འཐབ་ལ་ཞུགས་ཏེ་འཐབ་ས་དང་པོ་བརྟན་སྲུང་བྱེད་པ།
     ཟླ་1ཚེས་29ཉིན། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱ་ཆེད་ཆན་ཀྲོའུ་གྲོང་ཁྱེར་གྱི་དམངས་གཉེར་སྨན་ཁང་ཞིག་གི་སྨན་དོན་མི་སྣ་53གྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་ཞུགས་པ་རེད། ཉིན་བཅུ་ལྷག་ཙམ་རིང་ཁོང་ཚོ་སྡེ་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་དེ་ཧུའུ་པེ་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣར་གྲལ་བཤེར་དང་། གྲོང་ཁྱེར་དུ་འཛུལ་མཁན་རླངས་འཁོར་དང་མི་སྣའི་གནས་ཚུལ་ལ་ཞིབ་བཤེར། དུད་ཚང་དུ་བསྐྱོད་ནས་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད། འདི་ནི་ཟླ་2ཚེས་14ཉིན། ཆན་ཀྲོའུ་གྲོང་ཁྱེར་གྱི་དམངས་གཉེར་སྨན་ཁང་ཞིག་གི་སྨན་དོན་མི་སྣས་ཆན་ཀྲོའུ་གྲོང་ཁྱེར་མའོ་ཝེ་ཧའེ་ཞིབ་བཤེར་ས་ཚིགས་སུ་གྲོང་ཁྱེར་དུ་འཛུལ་མཁན་རླངས་འཁོར་ཐོ་འགོད་བྱེད་བཞིན་པ།