མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། དཔུང་སྡེས་སྨན་དོན་མི་སྣ་འཕར་མ་2600
ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་བྱེད་པར་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་15ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད་དཔུང་སྡེས་སྨན་དོན་མི་སྣ་འཕར་མ་2600ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་བྱེད་པར་བཏང་ཞིང་། ཁོང་ཚོས་ཝུའུ་ཧན་གྱི་ཧོ་ཧྲེན་ཧྲན་སྨན་ཁང་གི་འཁོར་རྒྱུག་རྣམ་པ་གཞིར་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱི་ཐེ་ཁང་ཐུང་ཅི་སྨན་ཁང་དང་ཧུའུ་པེ་ཞིང་ཆེན་གྱི་མ་བུ་བདེ་སྲུང་ཁང་ཀོང་ཀུའུ་ཁང་ཁུལ་གྱི་གཏན་འཁེལ་བའི་ནད་པ་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་འགན་འཁུར་རྒྱུ་ཡིན་པ་རེད།
     ཝུའུ་ཧན་གྲོང་ཁྱེར་གྱི་ཐེ་ཁང་ཐུང་ཅི་སྨན་ཁང་གིས་ཉལ་ཁྲི་860རྒྱག་རྩིས་ཡོད་པ་དང་ཧུའུ་པེ་ཞིང་ཆེན་གྱི་མ་བུ་བདེ་སྲུང་ཁང་ཀོང་ཀུའུ་ཁང་ཁུལ་གྱིས་ཉལ་ཁྲི་700རྒྱག་རྩིས་ཡོད། སྨན་ཁང་གཉིས་པོས་ནད་ཐོག་སྨན་བཅོས་ཀྱི་ནད་ཁུལ་བཙུགས་ཏེ་འགོ་ནད་ཚོད་འཛིན་དང་། བརྟག་དཔྱད། དམིགས་བསལ་སྨན་བཅོས། གློག་པར་བརྟག་དཔྱད། སྨན་གཏོར་ཡོ་བྱད། དུག་སེལ་མཁོ་སྤྲོད། ཆ་འཕྲིན། གསོ་རིག་འདུ་འགོད་སོགས་ཀྱི་གཞོགས་འདེགས་ཚན་ཁག་བཀོད་སྒྲིག་བྱ་རྒྱུ་རེད།
     ད་ཐེངས་སྐོང་འཐེན་བྱས་པའི་སྨན་བཅོས་སྟོབས་ཤུགས་ནི། སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ། མཉམ་སྒྲུབ་འགན་ལེན་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་སྨན་བཅོས་ཚན་པ་མང་པོ་ནས་ཡོང་བ་ཤ་སྟག་ཡིན་པ་རེད། སྨན་ཁང་གི་ཤོང་ཚད་དང་འཛུགས་སྐྲུན་འཕེལ་རིམ་ལྟར་དཔུང་སྡེའི་སྨན་དོན་མི་སྣ་ཁག་བགོས་བྱས་ནས་རོགས་སྐྱོར་བྱེད་པར་གཏོང་རྒྱུ་ཡིན་ཞིང་། ཁག་དང་པོར་མི་1400བཏང་བ་ཟླ་2ཚེས་13ཉིན་ཝུའུ་ཧན་དུ་འབྱོར་བ་དང་འབྲེལ་དུས་ཐོག་ཏུ་འབྲེལ་ཡོད་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་རྩིས་ཀྱང་ཡོད་པ་རེད།
     མིག་སྔའི་བར། དཔུང་སྡེས་ཁག་3དང་ཁྱོན་སྨན་དོན་མི་སྣ་4000ལྷག་ཙམ་ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་བྱེད་པར་བཏང་ཡོད།

  
style="display:none;"