འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་16ཉིན།

༄༅༎སི་ཁྲོན་རྔ་བའི་རྩྭ་ཐང་ལ་མེ་སྐྱོན་ཤོར་བ་དང་། ནགས་ཚལ་མེ་ཟོན་པ་མེ་གསོད་པར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎སི་ཁྲོན་རྔ་བའི་རྩྭ་ཐང་ལ་མེ་སྐྱོན་ཤོར་བ་དང་། ནགས་ཚལ་མེ་ཟོན་པ་མེ་གསོད་པར་བསྐྱོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན་གྱི་ཆུ་ཚོད་13དང་སྐར་མ་20ཡི་ཐོག སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཤང་ནས་གློ་བུར་དུ་རྩྭ་ཐང་ལ་མེ་སྐྱོན་བྱུང་ཞིང་། རྔ་བ་ཁུལ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་བཀོད་འཐབ་པ་ཚོ་འཕྲལ་དུ་མེ་གསོད་པར་བསྐྱོད། མེ་སྐྱོན་ཤོར་ཡུལ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་20ཡོད་པ་དང་། མེ་སྐྱོན་བྱུང་ཚད་ལ་ཁྱོན་མུའུ་4000ཙམ་ཟིན་ཞིང་། མེ་གསོད་སྐབས་སུ་མེ་ཐེངས་གཉིས་ལ་བསྐྱར་དུ་འབར་བའི་གནས་ཚུལ་བྱུང་བ་དང་། རུ་མི་ཚོས་མཚན་གང་བོར་མེ་སྐྱོན་ཤོར་ཡུལ་དུ་ལྟ་སྲུང་བྱས་ནས་མེ་སྐྱོན་ཤོར་སའི་བདེ་འཇགས་འགན་ལེན་བྱས་པ་རེད། ཟླ་2ཚེས་13ཉིན་གྱི་ཐོ་རེངས་ཆུ་ཚོད་6དང་སྐར་མ་40བར་ས་གནས་དེ་གའི་མང་ཚོགས་དང་དྲག་ཆས་ཉེན་རྟོག་ཚུད་པའི་མི་500ད་ཐེངས་ཀྱི་མེ་གསོད་ནང་ཞུགས་ཡོད་པ་རེད།     
     མིག་སྔར་སྤྱིའི་ཆ་ནས་མེ་བསད་ཟིན་པ་དང་རྔ་བ་ཁུལ་གྱི་ནགས་ཚལ་མེ་ཟོན་པས་ད་དུང་མེ་སྐྱོན་བྱུང་སར་གཙང་བཤེར་བྱེད་བཞིན་ཡོད་པ་རེད།
༄༅༎སི་ཁྲོན་རྔ་བའི་རྩྭ་ཐང་ལ་མེ་སྐྱོན་ཤོར་བ་དང་། ནགས་ཚལ་མེ་ཟོན་པ་མེ་གསོད་པར་བསྐྱོད་པ།
༄༅༎སི་ཁྲོན་རྔ་བའི་རྩྭ་ཐང་ལ་མེ་སྐྱོན་ཤོར་བ་དང་། ནགས་ཚལ་མེ་ཟོན་པ་མེ་གསོད་པར་བསྐྱོད་པ།