འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཆུ་ཚོད་བརྒྱད་རིང་དུས་གཏན་གནམ་གྲུ་མཐུད་རྒྱུག་བྱས་ནས་འཐབ་ས་
དང་པོའི་རིམས་འགོག་དངོས་ཟོག་དབོར་འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཆུ་ཚོད་བརྒྱད་རིང་དུས་གཏན་གནམ་གྲུ་མཐུད་རྒྱུག་བྱས་ནས་འཐབ་ས་
དང་པོའི་རིམས་འགོག་དངོས་ཟོག་དབོར་འདྲེན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན་བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV9803གྱིས་ཞོགས་པའི་ཆུ་ཚོད་7དང་སྐར་མ་54ཡི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དབར་གྱི་ཞིབ་བཤེར་ས་ཚིགས་6གི་འཐབ་ས་དང་པོའི་ལས་དོན་མི་སྣར་མཁོ་བའི་འགོག་སྲུང་གྱོན་ཆས་ཆ་ཚང་200ཁྲེང་ཏུའུ་ནས་ལྷ་སར་དབོར་ཡོད་པ་དང་། ཛ་དྲག་ངང་བཀོད་སྒྲིག་བྱས་པའི་འགོག་སྲུང་གྱོན་ཆས་ཁག་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱོད་རྒྱུ་ཡིན་པ་རེད།    
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་11ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་མངགས་བཅོལ་འབྱོར་རྗེས། བོད་ལྗོངས་མཁའ་འགྲུལ་གྱིས་ཛ་དྲག་ངང་བརྡ་ལན་ཞུས་པ་དང་། ཉིན་དེའི་དགོང་མོའི་ཆུ་ཚོད་23ལ་དུས་གཏན་གནམ་གྲུ་ཁྲེང་ཏུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། མཚན་མོར་བོད་ལྗོངས་མཁའ་འགྲུལ་གྱི་ས་ངོས་ཞབས་ཞུ་དང་ཟོག་འདྲེན་འགན་ལེན་མི་སྣས་འཕྲལ་དུ་སྐྱེལ་འདྲེན་དངོས་ཟོག་བླུག་ཡོད་པ་རེད། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ས་ངོས་འགན་ལེན་ལས་དོན་མི་སྣ་ཡུས་དབྱང་གིས“ད་ཐེངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དེར་དོན་སྙིང་དམིགས་བསལ་ལྡན་པ་དང་འགན་འཁྲི་ལྕི་པོ་ཡོད་པས། སྔ་ཙམ་དམིགས་སར་འབྱོར་བ་བྱས་ནས་རིམས་འགོག་ལས་དོན་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།