འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎ནང་འདྲེན་རིམས་འགོག་དངོས་ཟོག་འགག་སྒོ་ལས་མགྱོགས་མྱུར་སྒྲོལ་ནས་མཚོ་སྔོན་ཟི་ལིང་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ནང་འདྲེན་རིམས་འགོག་དངོས་ཟོག་འགག་སྒོ་ལས་མགྱོགས་མྱུར་སྒྲོལ་ནས་མཚོ་སྔོན་ཟི་ལིང་དུ་འབྱོར་བ།
     མི་དམངས་དྲ་བ་འཕྲིན། ཟླ་2ཚེས་12ཉིན་ཟི་ལིང་འགག་སྒོ་ནས་ཤེས་རྟོགས་བྱུང་གསལ། རིམས་ནད་སྔོན་འགོག་གི་དངོས་ཟོག་ཁག་གཅིག་ཁ་ན་ཏ་ནས་བདེ་བླག་ངང་ཟི་ལིང་དུ་འབྱོར་ཡོད། དེ་ནི་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དུ་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་གཏོང་མཚམས་བཞག་པ་ནས་བཟུང་། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་བའི་ནང་འདྲེན་རིམས་འགོག་དངོས་ཟོག་ཁག་དང་པོ་དེ་ཡིན་པ་དང་། རིམས་འགོག་དངོས་ཟོག་ཁག་དེ་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཐད་སྤྱོད་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། རིམས་འགོག་དངོས་ཟོག་ཁག་དེ་ནི་ཁ་ན་ཏའི་མཚོ་སྔོན་གྱི་ཕ་ཡུལ་གཅིག་པའི་ཚོགས་པས་ཞལ་འདེབས་བརྒྱབ་པ་ཞིག་ཡིན་པ་དང་། བེད་སྤྱོད་ཚན་པ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ཡིན་པ། དེའི་ནང་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་རས་སྒམ་73དང་། འགོག་སྲུང་གྱོན་ཆས་ཆ་ཚང་200  དུག་སེལ་ལག་ཕྱིས་རློན་པ། ལག་ཤུབས་སོགས་དངོས་རྫས་འགའ་ཞིག་ཡོད་པ་དང་། གཞན་ཡང་འགོག་སྲུང་གྱོན་ཆས་1000དེའི་སྔོན་ལ་ཟི་ལིང་དུ་འབྱོར་ཡོད། བེད་སྤྱོད་ཚན་པ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུས་དང་གྲོང་ནུབ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཡིན་པ་རེད།
༄༅༎ནང་འདྲེན་རིམས་འགོག་དངོས་ཟོག་འགག་སྒོ་ལས་མགྱོགས་མྱུར་སྒྲོལ་ནས་མཚོ་སྔོན་ཟི་ལིང་དུ་འབྱོར་བ།
༄༅༎ནང་འདྲེན་རིམས་འགོག་དངོས་ཟོག་འགག་སྒོ་ལས་མགྱོགས་མྱུར་སྒྲོལ་ནས་མཚོ་སྔོན་ཟི་ལིང་དུ་འབྱོར་བ།