འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎མཚོ་སྔོན་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་དུ་སྐྱོབ་བཅོས་བྱས་པའི་ཏོག་གསར་གློ་ཚད་ཕོག་མཁན་3སྨན་ཁང་ནས་དོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་10ཉིན་གྱི་ཆུ་ཚོད་14དང་སྐར་མ་06ཙམ་ལ་ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཆུས་ཀྱི་ལོ་43ལ་སླེབས་པའི་ཏོག་གསར་གློ་ཚད་ཕོག་མཁན་ཧྲེན་ཆེ་གེ་མོ་དྲག་སྐྱེད་བྱུང་ནས་ཤིན་ཀྲོའུ་ཆུས་མི་དམངས་སྨན་ཁང་ནས་དོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་མཚོ་སྔོན་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་སྨན་བཅོས་སྡེ་ཚན་དང་མཉམ་དུ་སྐྱོབ་བཅོས་བྱས་པའི་ཏོག་གསར་གློ་ཚད་ཚབས་ཆེན་ཕོག་མཁན་ཐོག་མ་དེ་ཡིན་པ་རེད། ཉིན་དེའི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་02ཙམ་ལ་ལོ་48ལ་སླེབས་པའི་ནད་པ་ཀྲོའུ་ཆེ་གེ་མོ་དང་ལོ་28ལ་སླེབས་པའི་ལུའོ་ཆེ་གེ་མོ་དྲག་སྐྱེད་བྱུང་སྟེ་ཤིན་ཀྲོའུ་ཆུས་ཀྲུང་ལུགས་གསོ་རིག་སྨན་ཁང་ནས་དོན་པ་རེད།